དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཁུང་ལིང་ཏུང་གིས་ལྐོག་རྔན་བླངས་པའི་དོགས་ཡོད་གྱོད་གཞིར་མཚོ་སྔོན་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་གཞུང་གཏུག་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-11-07

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་11ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཚེས་3ཉིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་ཁུང་ལིང་ཏུང(ཐིང་རིམ་པ་རྒན་པ)གིས་ལྐོག་རྔན་བླངས་པའི་དོགས་ཡོད་གྱོད་གཞིར་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་དོ་དམ་བྱེད་ཁོངས་གཏན་འཁེལ་བྱས་པ་བརྒྱུད། ཉེ་ཆར་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་མཚོ་ནུབ་ཀྲོའུ་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་གཞུང་གཏུག་བྱས་པ་རེད།

    ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་དཔྱད་ཞུ་གཏུག་བྱེད་པའི་དུས་མཚམས་སུ་ཞུ་སྦྱོར་ཕྱི་མ་ཁུང་ལིང་ཏུང་ལ་ཡོད་པའི་གཏུག་བཤེར་དབང་ཆ་ཁྲིམས་ལྟར་གསལ་བཤད་བརྒྱབ་པ་དང་། ཞུ་སྦྱོར་ཕྱི་མར་ཁྲིམས་ལྟར་འདྲི་རྩད་བྱས་པ། དག་འབུད་བྱེད་མཁན་གྱི་བསམ་འཆར་ཉན་པ་རེད།

    མཚོ་ནུབ་ཀྲོའུ་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་གཏུག་བྱས་ནས་ཉེས་བགྲང་བྱས་པ་སྟེ། ཞུ་སྦྱོར་ཕྱི་མ་ཁུང་ལིང་ཏུང་གིས་ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཏུང་ཁྲོན་བཟོ་ལས་གླིང་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་ཀྲུའུ་རེན་དང་། ཟི་ལིང་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན། ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་རྒྱུན་ལས་ཀྲུའུ་རེན་གཞོན་པ། ཟི་ལིང་གྲོང་ཁྱེར་གྱི་ཧྲི་ཀྲང་བཅས་བྱེད་རིང་། གོ་གནས་ཀྱི་སྟབས་བདེ་སྤྱད་དེ་མི་གཞན་ལ་ཁེ་ཕན་བསྒྲུབས་པ་དང་། ཁྲིམས་འགལ་ངང་མི་གཞན་གྱི་རྒྱུ་ནོར་བླངས་པའི་གྲངས་འབོར་ཧ་ཅང་མང་བས། ཁྲིམས་ལྟར་ལྐོག་རྔན་བླངས་པའི་ཉེས་པ་བསགས་པར་གཞིགས་ནས་ཁོ་པའི་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།