དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དྲུག་པར་འཕྲིན་ཡིག་སྤྲིངས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-11-07

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་5ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དྲུག་པར་འཕྲིན་ཡིག་སྤྲིངས་པ་རེད།

    ཞི་ཅིན་ཕིང་གིས། 2018ལོ་ནས་བཟུང་དངོས་མང་སྟོན་ཚོགས་སྐབས་ལྔ་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་རེད། ཀྲུང་གོའི་ཁྲོམ་ར་ཆེན་པོའི་ལེགས་ཆར་བརྟེན་ནས་རྒྱལ་སྤྱིའི་ཉོ་སྒྲུབ་དང་། མ་དངུལ་གཏོང་བར་སྐུལ་འདེད། མི་ཆོས་རིག་གནས་སྤེལ་རེས། སྒོ་དབྱེ་མཉམ་ལས་བཅས་ཀྱི་ལས་སྟེགས་ཀྱི་ནུས་པ་འདོན་ཐུབ་པ་དེས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་པ་དང་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

    ཞི་ཅིན་ཕིང་གིས། དེང་སྐབས་འཛམ་གླིང་གི་དཔལ་འབྱོར་སླར་གསོའི་སྒུལ་ཤུགས་ཆེན་པོ་མེད་པས། རྒྱལ་ཁབ་ཁག་གིས་ཕྱར་བ་གྲུ་འདེགས་དང་མཉམ་དུ་འཕེལ་རྒྱས་ཡོང་ཐབས་བྱེད་དགོས། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་ཞིག་ཡིན་པས། ཆུ་ཚད་མཐོ་བའི་སྒོ་དབྱེར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་སྟེ་དཔལ་འབྱོར་གོ་ལ་ཅན་དེ་བས་སྒོ་དབྱེ་དང་། ཁོང་ཡངས། ཀུན་ཕན། དོ་སྙོམས། གཉིས་ཕན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་རྒྱུན་མཐུད་སྐུལ་འདེད་གཏོང་གི་ཡོད། ནང་འདྲེན་དངོས་མང་སྟོན་ཚོགས་ཐོག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་སྐར་ཁུང་ནུས་པ་མགྱོགས་མྱུར་ཆེ་རུ་བཏང་སྟེ། ཀྲུང་གོའི་འཕེལ་རྒྱས་གསར་པར་བརྟེན་ནས་འཛམ་གླིང་ལ་གོ་སྐབས་གསར་པ་མཁོ་འདོན་དང་། ཆུ་ཚད་མཐོ་བའི་སྒོ་དབྱེར་སྐུལ་འདེད་གཏོང་བའི་ལས་སྟེགས་ཀྱི་ནུས་པ་གང་ལེགས་བཏོན་ནས་ཀྲུང་གོའི་ཁྲོམ་ར་ཆེན་པོ་འཛམ་གླིང་གིས་མཉམ་དུ་སྤྱོད་པའི་ཁྲོམ་ར་ཆེན་པོར་འགྱུར་བ། གོ་ལ་ཧྲིལ་པོས་མཉམ་དུ་སྤྱོད་པའི་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་ཀྱི་ཞབས་འདེགས་དེ་བས་ཡག་པོ་མཁོ་འདོན་བྱས་ནས་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་སྐྲུན་པར་སྐུལ་འདེད་བཏང་སྟེ་མཉམ་ལས་གཉིས་ཕན་གྱིས་འཛམ་གླིང་ལ་ཕན་པ་འཐོབ་པ་བཅས་བྱེད་པའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།

    དེ་ཉིན་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དྲུག་པ་ཧྲང་ཧའེ་གྲོང་ཁྱེར་དུ་འགོ་ཚུགས་པ་དང་། དེའི་བརྗོད་དོན་གཙོ་བོ་ནི“དུས་རབས་གསར་པར་འབྱུང་འགྱུར་ལྷན་ཅིག་ལོངས་སྤྱོད”ཡིན་ཞིང་། དེ་ནི་ཚོང་དོན་པུའུ་དང་ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།