དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “རྒྱུད་གཅིག་ལམ་གཅིག”གིས་ཨ་ཧྥེ་རི་ཁའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-11-06

    ཨ་པུ་ཅ་ནས་ཁ་ཏུ་ན་བར་གྱི་ལྕགས་ལམ(ཨ་ཁ་ལྕགས་ལམ)ནི་ནི་ཀྲེ་རི་ཡའི་དེང་རབས་ཅན་གྱི་ལྕགས་ལམ་དང་པོ་ཡིན་པ་དང་། དེ་ཀྲུང་གོ་ཨར་སྐྲུན་ལས་གྲྭ་ཚོགས་པ་ཚད་ཡོད་ཀུང་སིས་སྐྲུན་འགན་ཁུར་བ་དང་འབྲེལ་གཉེར་སྐྱོང་ལག་རྩལ་མཁོ་འདོན་བྱས་ཡོད། འདི་ནི་ནི་ཀྲེ་རི་ཡའི་རྒྱལ་ས་ཨ་པུ་ཅ་ནས་པར་བརྒྱབ་པའི་ཨ་ཁ་ལྕགས་ལམ་གྱི་འགོ་འཛུཊ་བབས་ཚུགས་དབྱི་ཏུའུ་མེ་འཁོར་བབས་ཚུཊ་ཡིན་པ།

    ཀྲུང་གོས་2013ལོར་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་དམིགས་ཡུལ་ནི་ཀྲུང་གོའི་འཕེལ་རྒྱས་དེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་གཞན་དག་གི་འཕེལ་རྒྱས་དང་འབྲེལ་མཐུད་བྱ་རྒྱུ་དེ་རེད།

    “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་དམིགས་ཚད་ལ་ཕྱོགས་ལྔ་ཡོད་པ་སྟེ། སྲིད་ཇུས་འབྲེལ་གཏུག་དང་། སྒྲིག་བཀོད་མཉམ་སྦྲེལ། ཚོང་དོན་གྱི་ཤར་གཏོང་། མ་དངུལ་མཉམ་འདྲེས། དམངས་སེམས་གཅིག་མཐུན་བཅས་རེད། མིག་སྔར་རྒྱལ་ཁབ་150ལྷག་ཙམ་གྱིས་ཀྲུང་གོ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ཐད་ཀྱི་བསམ་ཤེས་དྲན་ཐོར་མིང་རྟགས་བཀོད་པ་རེད།

    ཨ་ཧྥེ་རི་ཁའི་ངོས་ནས་བརྗོད་ན། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གཙོ་གནད་ནི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ལ་བརྟེན་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་50ལྷག་ཙམ་དང་འབྲེལ་མཐུད་བྱ་རྒྱུ་དེ་རེད། རྨང་གཞིའི་སྒྲིག་བཀོད་དེ་དག་ནང་དེང་རབས་ཅན་གྱི་གཞུང་ལམ་དང་། གནམ་ཐང་། མྱུར་བགྲོད་ལྕགས་ལམ་བཅས་ཚུད་ཡོད།

    ཨ་ཧྥེ་རི་ཁའི་རྒྱལ་ཁབ་མང་པོ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྣམ་གྲངས་ནང་ཞུགས་བཞིན་ཡོད་ཅིང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོས་སྔོན་དཔག་ལྟར་ན་ས་ཁུལ་ཧྲིལ་པོའི་ཚོང་དོན་ལ་སྐུལ་མ་བཏང་ནས་དཔལ་འབྱོར་འཕར་ཚད་མགྱོགས་སུ་གཏོང་བ་དང་དཔལ་འབྱོར་སྲིད་ཇུས་ལེགས་སྒྲིག་བྱས་ནས་ས་ཁུལ་གྱི་མཐུན་སྦྱོར་ལེགས་སུ་གཏོང་རྒྱུ་རེད།

    —— ཐན་ཙན་ནི་ཡའི《ཉིན་རེའི་གསར་འགྱུར》ཉིན་རེའི་ཚགས་པར་གྱི་དྲ་ཚིགས་ནས་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།