དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ནང་འདྲེན་དངོས་མང་སྟོན་ཚོགས་ནི་རྒྱལ་སྤྱིའི་ཚོང་དོན་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་ཆེན་པོ་ཞིག་རེད།

    —— རྒྱལ་སྤྱིའི་ཚོང་དོན་ལྟེ་གནས་ཀྱི་ལག་བསྟར་ཀྲུའུ་རེན་ཕ་མེ་ལཱ་·ཁོའོ་ཁེ་-ཧན་སྨིར་ཏུན་ལ་བཅར་འདྲི་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-11-06

    འདི་ནི་རྒྱལ་སྤྱིའི་ཚོང་དོན་ལྟེ་གནས་ཀྱི་ལག་བསྟར་ལས་འཛིན་ཕ་མེ་ལཱ·ཁོའོ་ཁེ་-ཧན་སྨིར་ཏུན(གཡས)གྱིས་སུའེ་ཙེར་གྱི་རི་ནེ་ཝར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་བཞིན་པ།

    མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་མཉམ་དུ་བཙུགས་པའི་རྒྱལ་སྤྱིའི་ཚོང་དོན་ལྟེ་གནས་ཀྱི་ལག་བསྟར་ལས་འཛིན་ཕ་མེ་ལཱ་·ཁོའོ་ཁེ-ཧན་སྨིར་ཏུན་གྱིས་ཉིན་ཤས་གོང་སུའེ་ཙེར་གྱི་རི་ནེ་ཝར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ནི་རྒྱལ་སྤྱིའི་ཚོང་དོན་ལ་སྐུལ་འདེད་གཏོང་བའི“ལས་སྟེགས་ཆེན་པོ”ཞིག་རེད་ཅེས་བརྗོད།

    ཁོའོ་ཁེ་-ཧན་སྨིར་ཏུན་གྱིས། ནང་འདྲེན་དངོས་མང་སྟོན་ཚོགས་ནི་དམིགས་བསལ་གྱི་ལས་སྟེགས་ཤིག་རེད། ཁེ་ལས་ལ་ཀྲུང་གོའི་འཛད་སྤྱོད་པར་ཐོན་རྫས་འགྲེམས་སྟོན་བྱེད་པའི་གོ་སྐབས་བསྐྲུན་པ་མ་ཟད། ད་དུང་ཀྲུང་གོའི་མཉམ་ལས་རོགས་ཟླ་དང་ཕྱིར་གཏོང་ཚོང་པ་དང་འབྲེལ་བ་འཛུགས་པའི་གོ་སྐབས་ཀྱང་མཁོ་འདོན་བྱས་ཡོད། ནང་འདྲེན་དངོས་མང་སྟོན་ཚོགས་དེ་འཛམ་གླིང་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ངོས་ནས་བརྗོད་ན“གོ་སྐབས་གལ་ཆེན”ཞིག་རེད་ཅེས་བརྗོད།

    ཁོའོ་ཁེ་-ཧན་སྨིར་ཏུན་གྱིས་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱིས་དར་རྒྱས་འགྲོ་འགོར་ཤོས་རྒྱལ་ཁབ་ཀྱི་ཁེ་ལས་ཀྲུང་གོའི་ཁྲོམ་རར་ཞུགས་རྒྱུར་རོགས་རམ་བྱེད་པའི་ཐད་ནུས་པ་ཆེན་པོ་བཏོན་པའི་ངོས་འཛིན་བྱས་ཤིང་། ཁོང་གིས་2008ལོ་ཚུན་དུ་ཀྲུང་གོ་འདི་ཉིད་དར་རྒྱས་འགྲོ་འགོར་ཤོས་རྒྱལ་ཁབ་ཀྱི་ཕྱིར་གཏོང་བྱ་ཡུལ་གཙོ་བོར་གྱུར་ནས་ཁོང་ཚོའི་ཕྱིར་གཏོང་གི་བཞི་ཆ་གཅིག་ཡན་བསྡུ་ལེན་བྱེད་ཀྱི་ཡོད། “དེ་ནི་བསྡུར་ཚད་ཧ་ཅང་ཆེན་པོ་ཞིག་རེད”ཅེས་བརྗོད།

    ཁོའོ་ཁེ་-ཧན་སྨིར་ཏུན་གྱིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དམིགས་ཚད་མངོན་འགྱུར་ཡོང་བའི་ཐབས་ལམ་གལ་ཆེ་ཤོས་ཤིག་ནི་དར་རྒྱས་འགྲོ་འགོར་ཤོས་རྒྱལ་ཁབ་ཀྱི་ཕྱིར་གཏོང་རྒྱུན་མཐུད་འཕར་རྒྱུར་སྐུལ་འདེད་བཏང་ནས་དེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད། “ནང་འདྲེན་དངོས་མང་སྟོན་ཚོགས་ནི་དོན་དངོས་ཐོག་ཐག་གཅོད་ཇུས་གཞི་དེའི་ཆ་ཤས་ཤིག་རེད”ཅེས་བརྗོད།

    ཁོང་གིས་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱིས་བརྡ་རྟགས་ཤིག་བཏང་བ་སྟེ། ནང་འདྲེན་དང་ཕྱིར་གཏོང་གཉིས་ཀ་གལ་ཆེ་བ་དང་ནང་འདྲེན་ནི་རིན་ཐང་འཁོར་འབྲེལ་ཧྲིལ་པོའི་ཆ་ཤས་ཤིག་ཡིན་པའི་ངོས་འཛིན་བྱས་ཤིང་། ཁོང་གིས“ནང་འདྲེན་དངོས་མང་སྟོན་ཚོགས་གཉེར་བ་ལས་རྒྱལ་སྤྱིའི་ཚོང་དོན་ནི་ཕན་ཚུན་གཉིས་ཀའི་ལམ་བུ་ཞིག་ཡིན་པ་གསལ་བཤད་ཐུབ”ཅེས་བརྗོད།

    ཁོའོ་ཁེ་-ཧན་སྨིར་ཏུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་མཉམ་ལས་རོགས་ཟླ་ཡིན་པའི་རྒྱལ་སྤྱིའི་ཚོང་དོན་ལྟེ་གནས་ཀྱིས་ལོ་ལྟར་ཁེ་ལས་འབྲིང་ཆུང་ཁག་གཅིག་སྒྲིག་འཛུགས་བྱས་ནས་ནང་འདྲེན་དངོས་མང་སྟོན་ཚོགས་ལ་ཞུགས་ཀྱི་ཡོད། མིག་སྔའི་བར་རྒྱལ་སྤྱིའི་ཚོང་དོན་ལྟེ་གནས་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་37གྱི་ཁེ་ལས་260སྒྲིག་འཛུགས་བྱས་ནས་ནང་འདྲེན་དངོས་མང་སྟོན་ཚོགས་ལ་ཞུགས་ཡོད་པ་རེད།

    ཀྲུང་གོའི་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་གྲངས་གཞི་ལས་མངོན་པར། 2023ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ཀྲུང་གོའི་དཔལ་འབྱོར་དུས་མཚུངས་ལས་5.2%འཕར་ཡོད། ཁོའོ་ཁེ་-ཧན་སྨིར་ཏུན་གྱིས་གྲངས་གཞི་ལས་ཀྲུང་གོར་འཕར་སྣོན་གྱི་དམིགས་ཚད་མངོན་འགྱུར་ཡོང་བཞིན་ཡོད་པ་དང་ཀྲུང་གོ་སྲིད་གཞུང་གིས་སྤྱད་པའི་དཔལ་འབྱོར་ཡར་སྐུལ་བྱ་ཐབས་ཀྱི་ནུས་པ་ཐོན་བཞིན་ཡོད་པ་མངོན་ཡོད་ཅེས་བརྗོད། ཁོང་གིས་ཀྲུང་གོའི་དཔལ་འབྱོར་གྱི་གཞི་རྩའི་གནས་ཚུལ་ཡག་པོ་ཡོད་པའི་ངོས་འཛིན་བྱས་ནས་ཀྲུང་གོའི་དཔལ་འབྱོར་གྱི་མདུན་ལམ་ལ་ལྟ་སྟངས་ཡག་པོ་འཛིན་གྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།