དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་གློག་སྒུལ་རླངས་འཁོར་ལ་ཡོ་རོབ་བྱང་མའི་འཛད་སྤྱོད་པའི་དགའ་བསུ་ཐོབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-11-06

    འདི་ནི་པེར་ཀྲེམ་གྱི་པུ་རུ་སེའི་རླངས་འཁོར་འགྲེམས་སྟོན་གྱི་སྨྱན་སྦྱོར་སྒོ་དབྱེའི་ཉིན་མོར་པར་བརྒྱབ་པའི་པི་ཡ་ཏི་རྟགས་ཅན་གྱི་གློག་སྒུལ་རླངས་འཁོར་ཡིན་པ།

    འདས་ཟིན་པའི་ལོ་གཉིས་ནང་ཀྲུང་གོའི་གློག་སྒུལ་རླངས་འཁོར་གྱི་སྤུས་རྟགས་ཧྥིན་ལན་དང་། སུའེ་ཏེན། ནོར་ཝེ་སོགས་རྒྱལ་ཁབ་ཀྱི་ཁྲོམ་གཞུང་དུ་མཐོང་རྒྱུ་ཡོད། འཕེལ་ཕྱོགས་དེ་ཡོ་རོབ་བྱང་མའི་ས་ཁུལ་ཙམ་མ་ཟད། ཡོ་རོབ་ཡོངས་སུ་ཁྱབ་བཞིན་ཡོད།

    ཀྲུང་གོས་གློག་ཤུགས་ཅན་ལ་དོ་སྣང་བྱེད་པ་ནི་མཁའ་རླུང་སྦགས་བཙོག་ཉུང་དུ་གཏོང་ཆེད་ཁོ་ན་མིན་པར་རྒྱལ་ཁབ་འདིས་ཐོག་མཐའ་བར་གསུམ་དུ་དམངས་ཚོགས་དུང་ཕྱུར་14ལྷག་ཙམ་གྱི་དོན་དུ་འབད་བརྩོན་བྱེད་པ་མ་ཟད། ད་དུང་གོ་ལ་ཧྲིལ་པོའི་ཁྲོམ་རར་རིན་གོང་ཁེ་བའི་གློག་སྒུལ་རླངས་འཁོར་སྤུས་དག་མཁོ་འདོན་བྱེད་རྒྱུ་དེ་རེད། ད་ཆ། ཀྲུང་གོའི་རླངས་འཁོར་ཁེ་ལས་ཀྱིས་གློག་སྒུལ་རླངས་འཁོར་ཐོན་སྐྱེད་བྱེད་པ་ཙམ་མ་ཟད། ད་དུང་ཐོན་སྐྱེད་བྱེད་པའི་བརྒྱུད་རིམ་ནང་སྤུས་ཚད་དང་རིན་གོང་ཁེ་པོ་ཡོང་རྒྱུར་དོ་སྣང་བྱེད་ཀྱི་ཡོད།

    སྤྱི་ཁྱབ་པུའུ་ཧོ་ལན་དུ་གནས་པའི་རླངས་འཁོར་ཁེ་ལས་སི་ཐེ་ལན་ཏི་སི་ཚོགས་པའི་དབུ་བཞུགས་ལག་བསྟར་དཔོན་ཐ་ཝ་ལེ་སི་ཡིས་བརྗོད་དོན། ཡོ་རོབ་ཏུ་བཟོས་པའི་གློག་སྒུལ་རླངས་འཁོར་གྱི་རིན་གོང་ཀྲུང་གོའི་གློག་སྒུལ་རླངས་འཁོར་གྱི་རིན་གོང་ལས་40%ཙམ་མཐོ་བ་ཡོད། རིན་གོང་གི་ཧེ་བག་དེ་རིགས་ལས་ཡོ་རོབ་ཀྱི་འབྱོར་འབྲིང་འཛད་སྤྱོད་པས་ཀྲུང་གོས་བཟོས་པའི་གློག་སྒུལ་རླངས་འཁོར་གདམ་རྒྱུར་སྐུལ་མ་ཐེབས་སྲིད།

    ཀྲུང་གོས་བཟོས་པའི་རིན་གོང་ཁེ་ལ་སྤྱོད་སྒོ་ཆོད་པའི་གློག་སྒུལ་རླངས་འཁོར་གྱིས་ཡོ་རོབ་བྱང་མ་ཙམ་མ་ཟད། ཐ་ན་ཡོ་རོབ་ཀྱི་འཛད་སྤྱོད་པར་སྤྲོ་བ་སྐྱེ་འོས་པའི་གོ་སྐབས་སྦྱིན་ཡོད། རང་ཉིད་ཀྱིས་དང་ལེན་ཐུབ་པའི་རིན་གོང་ལ་བརྟེན་ནས་གློག་སྒུལ་རླངས་འཁོར་ཉོ་མཁན་གྱི་ངོས་ནས་བརྗོད་ན། རླངས་འཁོར་འདི་དག་ནི་གདམ་ག་ཡག་ཤོས་ཤིག་རེད།

    —— ཧྥིན་ལན་གྱི《ཧེར་ཤིན་ཅི་སྐབས་དོན་ཚགས་པར》ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།