དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཡིག་རིས་འགྲེམས་སྟོན་ཆེ་མོ་སྐབས་ལྔ་པ་རིན་མི་དགོས་པར་སྒོ་འབྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-06

    འདི་ནི་སློབ་མ་ཚོས་ཡིག་རིས་འགྲེམས་སྟོན་ལ་ལྟ་བཞིན་པ།

    ཉེ་ཆར། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་པའི་མཐུན་ཚོགས་ཀྱིས་མཉམ་དུ་གཙོ་གཉེར་དང་། བོད་ལྗོངས་གཞོན་ནུ་ལོ་ཆུང་གི་ལག་ལེན་སློབ་གསོའི་རྟེན་གཞིས་གཉེར་འགན་འཁུར་བའི“ཚོགས་ཆེན་ཉི་ཤུ་པ་སློབ་སྦྱོང་བྱེད། ནམ་ཡང་ཏང་གི་རྗེས་སུ་འབྲང་། རྒྱང་ལམ་གསར་པར་འབད་འབུངས་ཡར་བརྩོན་བྱེད”ཅེས་པའི་བོད་རང་སྐྱོང་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཡིག་རིས་འགྲེམས་སྟོན་ཆེ་མོ་སྐབས་ལྔ་པ་ལྷ་སར་འཚོགས་པ་རེད།

    སྡེ་ཚོགས་ལྗོངས་ཨུད་ཀྱི་ཧྲུའུ་ཅི་ཀྲོའུ་ཡེ་ཧྥུང་གིས། ད་ཐེངས་ཀྱི་ཡིག་རིས་འགྲེམས་སྟོན་ཆེ་མོ་འདི་ཟླ་བརྒྱད་པ་ནས་གྲ་སྒྲིག་བྱས་པ་ཡིན། ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་ལ་ཁ་ཕྱོགས་ནས་ཡིག་རིས་བརྩམས་ཆོས་500ལྷག་ཙམ་འཚོལ་སྡུད་བྱས་པ་དེ་དག་གི་ནང་དོན་དུས་རབས་ཀྱི་འཕོ་འགྱུར་དང་། མི་རིགས་མཐུན་སྒྲིལ། གྲོང་ཁྱེར་གྱི་འཕོ་འགྱུར། བདེ་སྐྱིད་ལྡན་པའི་འཚོ་བ་སོགས་ཡོད། དཔྱད་འདེམས་བྱས་པ་བརྒྱུད་ཁྱོན་ཡིག་རིས་བརྩམས་ཆོས་180ལ་འགྲེམས་ཞུགས་འོས་ཐོབ་རག་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཡིག་རིས་འགྲེམས་སྟོན་ཆེ་མོ་ཟླ་11ཚེས་3ནས་ཚེས་11ཉིན་བར་ལྷ་ས་གཡག་རྟེན་མཛོད་ཁང་དུ་སྤྱི་ཚོགས་ཡོངས་ལ་ཕྱོགས་ནས་རིན་མི་དགོས་པར་སྒོ་འབྱེད་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།