ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་ཞིང་ཆེན་དབར་གྱི་གྲོས་མོལ་མཉམ་ལས་མཉམ་བཞུགས་ཀྱི་ཚོཌ་འདུ་ཐེངས་གསུམ་པ་ཁྲུང་ཆིང་དུ་འཚོགས་པ།
ཉེ་ཆར། ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་ཞིང་ཆེན་དབར་གྱི་གྲོས་མོལ་མཉམ་ལས་མཉམ་བཞུགས་ཚོགས་འདུའི་ཚོགས་འདུ་ཐེངས་གསུམ་པ་ཁྲུང་ཆིང་དུ་འཚོགས་པ་རེད། ཁྲུང་ཆིང་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་ཧུའུ་ཧེང་ཧྭ་ཚོགས་འདུར་ཞུགས་པ་དང་འབྲེལ་གཏམ་བཤད་ཀྱང་བྱས་པ་རེད།
ཚོགས་འདུའི་ཐོག 《ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་ཆུ་ཚད་མཐོ་པོས་མཉམ་སྐྲུན་གྱི“13+N”ཞིང་ཆེན་དབར་གྱི་མཐུན་སྦྱོར་སྐུལ་འདེད་ཀྱི་ལག་བསྟར་ཇུས་གཞི》དང《ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་ལམ་རྒྱུད་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)གྱི་2023ལོ་འཁོར་གྱི་སྲིད་ཇུས་རེ་ཞུའི་གསལ་ཐོར》གྲོས་ཞིབ་བྱས་པ་རེད། “13+2”ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་དང་ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁུར་བས་བགྲོད་ལམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཚུལ་དང་གོམ་སྟབས་རྗེས་མའི་ལས་ཀའི་འཆར་གཞི་ངོ་སྤྲོད་བྱས་པ་རེད། ཚང་མས་ཆུ་ཚད་མཐོ་པོས་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་མཉམ་སྐྲུན་ལ་དམིགས་ཏེ་སྤེལ་རེས་གཏིང་ཟབ་དང་གྲོས་བསྡུར་གང་ལེགས་བྱས་ནས་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་སྔར་བས་གཅིག་སྒྲིལ་བྱུང་བ་དང་འཕེལ་རྒྱས་ཀྱི་མཉམ་ཤུགས་བསྣན་པ་རེད།