2023ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་གྱོད་དོན་ཁྲི་47ཐོ་འགོད་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་2023ལོའི་ཟླ་1པོ་ནས་9པའི་བར་གྱི་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ལྟ་སྐུལ་ཞིབ་བཤེར་དང་ཞིབ་བཤེར་བརྟག་དཔྱད་བྱས་ཚུལ་ཡོངས་བསྒྲགས་ངང་བརྡ་ཁྱབ་བཏང་བ་རེད། 2023ལོའི་ཟླ་1པོ་ནས་9པའི་བར། རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་བསྡོམས་གྱོད་དོན་ཁྲི་47ཐོ་འགོད་བྱས་པ་ལས། ཀྲུང་དབྱང་རྩ་འཛུགས་པུས་དོ་དམ་བྱེད་པའི་ལས་བྱེད་པ་54ཐོ་འགོད་བྱས་ཡོད། ཁྱོན་མི་ཁྲི་40.5ལ་ཆད་པ་བཅད་པ་ལས། ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ་34ཡོད།
བརྡ་ཁྱབ་ལས་མངོན་པར། 2023ལོའི་ཟླ་1པོ་ནས་9པའི་བར་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཁྱོན་ཡིག་བསྐུར་ངོ་བཅར་གྱི་ཐེར་འདོན་ཁྲི་261.7དང་ལེན་བྱས་པ་ལས། ཉེས་འདོན་དང་ཞུ་གཏུག་རིགས་ཀྱི་ཡིག་བསྐུར་ངོ་བཅར་གྱི་ཐེར་འདོན་ཁྲི་81.9ཟིན་ཡོད། གནད་དོན་གྱི་ཁུངས་སྣེ་ཁྲི་128.3ཐག་བཅད་པ་ལས། གླེང་མོལ་དང་ཡིག་བསྐུར་འདྲི་རྩད་ཁྲི་26.6ཟིན་ཡོད། གྱོད་དོན་ཐོ་འགོད་ཁྲི་47བྱས་པ་ལས། ཀྲུང་དབྱང་རྩ་འཛུགས་པུས་དོ་དམ་བྱེད་པའི་ལས་བྱེད་པ་54དང་། ཐིང་དང་ཅུས་རིམ་པའི་ལས་བྱེད་པ་2480 རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་ཁྲི་2 ཤང་དང་ཁོའོ་རིམ་པའི་ལས་བྱེད་པ་ཁྲི་6.5བཅས་ཡོད། ད་ལྟ་ལས་འགན་འཁུར་བཞིན་པའམ་ཡང་ན་དེ་སྔ་ལས་འགན་འཁུར་མཁན་གྱི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་མི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲི་4.6གྱོད་དོན་ཐོ་འགོད་བྱས་ཡོད། མི་ཁྲི་40.5ལ་ཆད་པ་བཅད་པ་ལས་མི་ཁྲི་33.1ལ་ཏང་ཁྲིམས་ཀྱི་ཆད་པ་བཅད་པ་དང་མི་ཁྲི་10.8ལ་སྲིད་དོན་གྱི་ཆད་པ་བཅད་ཡོད། ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ་34དང་། ཐིང་དང་ཅུས་རིམ་པའི་ལས་བྱེད་པ་2244 རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་ཁྲི་1.6 ཤང་དང་ཁོའོ་རིམ་པའི་ལས་བྱེད་པ་ཁྲི་5.4 ལས་བྱེད་པ་དཀྱུས་མ་ཁྲི་5.6 གྲོང་གསེབ་དང་ཁེ་ལས་སོགས་ཀྱི་མི་སྣ་གཞན་དག་ཁྲི་27.7བཅས་ལ་ཆད་པ་བཅད་པ་རེད།