“བཅུ་གཅིག་ཟུང”གི་ལྕགས་ལམ་མྱུར་འདྲེན་ཞབས་ཞུ་འགོ་ཚུགས་པ།
གསར་འགོད་པས་ཀྲུང་གོ་ལྕགས་ལམ་མྱུར་འདྲེན་མ་རྐང་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར། ཟླ་11ཚེས་1ཉིན་དུས་ཡུན་ཉིན་20ཡི“བཅུ་གཅིག་ཟུང”གི་དྲ་ཐོག་ཉོ་སྒྲུབ་བྱེད་མཁན་མང་བའི་དུས་ཀྱི་ལྕགས་ལམ་མྱུར་འདྲེན་ཞབས་ཞུ་དངོས་སུ་འགོ་ཚུགས་པ་རེད། རྒྱལ་ཡོངས་ལྕགས་ལམ་གྱི་མྱུར་འདྲེན་ལས་སྒོ་གཉེར་མཁན་བབས་ཚུགས་405ཟིན་པ་དང་དེའི་ཁྲོད་དུ་མྱུར་བགྲོད་ལྕགས་ལམ་གྱི་ལས་སྒོ་གཉེར་མཁན་བབས་ཚུགས་310ཡོད་པ་རེད།