དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་མེ་ཟོན་ཚན་རིག་ཁྱབ་གདལ་རིག་ནུས་ཁང་གི་སྒོ་བྱང་ཕྱེ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-11-04

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་10ཚེས་30ཉིན་མཚོ་སྔོན་ཞིང་ཆེན་མེ་ཟོན་ཚན་རིག་ཁྱབ་གདལ་རིག་ནུས་ཁང་གི་སྒོ་བྱང་ཕྱེ་ཞིང་། དེ་ནི་དྲིལ་བསྒྲགས་དང་། སློབ་གསོ། ལྟ་སྐོར། བཀོལ་སྤྱོད། གསོ་སྦྱོང་། ས་གནས་ས་ཐོག་ཏུ་ཉམས་ལེན་བཅས་གཞི་གཅིག་ཏུ་འདུས་པའི་མེ་ཟོན་ཚན་རིག་ཁྱབ་གདལ་གྱི་སློབ་གསོ་སྤེལ་ཡུལ་ཆེ་གྲས་ཤིག་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་མེ་ཟོན་ཚན་རིག་ཁྱབ་གདལ་རིག་ནུས་ཁང་ནི་ཟི་ལིང་གྲོང་ཁྱེར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཅིན་ཆའོ་ལམ་ཨང་36པར་གནས་པ་དང་ས་ཁྱོན་སྨི་ངོས་གྲུ་1513ཡོད། འགྲེམས་ཁང་གིས་ཆ་འཕྲིན་ཀུན་གསལ་གྱི་བརྙན་སྟོན་དང་། དམར་ཕྱིའི་རེག་ཁུལ། རིག་ནུས་འཕྲུལ་མི་སོགས་བརྒྱུད་ལམ་སྣེ་མང་གི་འགྲེམས་སྟོན་སྒྲིག་ཆས་དང་། འཕྲུལ་སྣང་བརྙན་གྲུབ་དང་། བརྙན་སྟོན་མཉམ་འདྲེས། རིག་ནུས་ཚོད་འཛིན། མི་ཐབས་རིག་ནུས། སྐད་གདངས་བཀོད་གཏོང་བཅས་ཀྱི་ལག་རྩལ། “གྲངས་འཛིན་ཆ་ཚང་དང་འགྲེམས་པང་མེད་པའི”ཁྱད་ཆོས་བཅས་ལ་བརྟེན་ནས། མེ་ཟོན་ཚན་རིག་ཁྱབ་གདལ་ཁུལ་དང་། མེ་སྐྱོན་ཉེན་གཏོང་སློབ་གསོ་ཁུལ། མཉམ་འགུལ་རོལ་རྩེད་ཁུལ། སྲོག་ཐར་ཉམས་ལེན་ཁུལ་སོགས་ནུས་པའི་ཁུལ་16བཙུགས་ཡོད་པ་རེད།

    སྒོ་བྱང་ཕྱེ་བའི་མཛད་སྒོར་མཚོ་སྔོན་ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གི་འབྲེལ་ཡོད་འགན་འཁུར་བས། མེ་ཟོན་ཚན་རིག་ཁྱབ་གདལ་རིག་ནུས་ཁང་བརྒྱུད་རྒྱ་ཆེའི་དམངས་ཚོགས་ལ་ཆེད་ལས་ཀྱི་མེ་ཟོན་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོའི་གསོ་སྦྱོང་ལས་སྟེགས་བཏོད་དེ། མང་ཚོགས་ཀྱི་སེམས་ལ་མེ་ཟོན་ཤེས་བྱ་ཟུག་པར་བྱས་ནས་མི་ཚང་མ་དེའི་ནང་ཞུགས་པ་དང་སྤྱི་ཚོགས་ཀྱིས་ཐུན་མོང་ཐོག་སྔོན་འགོག་བྱེད་པའི་མེ་ཟོན་གྱི་རྣམ་པ་གསར་པ་ཞིག་ཆགས་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།