དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞིང་ཆེན་དང་གྲོང་ཁྱེར་7གྱི“མངགས་སྐྱེལ་བ” ཁྲི་668སོགས་ལ“ལས་རྨས་འགན་བཅོལ་གསར་པ”བཟོས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-11-04

    ཟླ་10ཚེས་26ཉིན་མི་སྤྱི་པུའི་ལས་རྨས་འགན་བཅོལ་སིའི་སི་ཀྲང་ཀྲེང་ཤོན་པོས་ངོ་སྤྲོད་བྱས་པར་གཞིགས་ན། པེ་ཅིང་དང་ཧྲང་ཧའེ་སོགས་ཞིང་ཆེན་དང་གྲོང་ཁྱེར་7གྱི་མོས་ཚོགས་མངགས་ཉོ་དང་། མྱུར་སྐྱེལ། ཧོ་ལ་ལ་སོགས་ལས་སྟེགས་ཁེ་ལས་7དུ་ཚོད་ལྟ་བྱས་པའི་ལས་ཞུགས་རྣམ་པ་གསར་པའི་ལས་ཞུགས་པའི་ལས་རིགས་ཀྱི་གནོད་འཚེ་འགན་ལེན་ལ་ལོ་གཅིག་ལྷག་ཙམ་རིང་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཞིང་། ཟླ་དགུ་པའི་ཟླ་མཇུག་བར་རིམ་རྩིས་བྱས་ན་མི་ཁྲི་668འགན་ལེན་ཁྱབ་ཁོངས་སུ་བཅུག་པ་དང་མི་ཐེངས་ཁྲི་3.2ལ་ལས་རིགས་ཀྱི་གནོད་འཚེ་འགན་ལེན་གྱི་ཐོབ་ཆ་སྒོར་དུང་ཕྱུར་4.9ཐོབ་ཡོད་པ་རེད།

    ཀྲེང་ཤོན་པོ་ཡིས་ཉིན་དེར་འཚོགས་པའི་མི་སྤྱི་པུའི་2023ལོའི་དུས་ཚིགས་གསུམ་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་གོང་གསལ་གྱི་གནས་ཚུལ་ངོ་སྤྲོད་བྱས་ཤིང་། ཁོང་གིས། ལས་རིགས་ཀྱི་གནོད་འཚེ་འགན་ལེན་གྱིས་ལས་ཞུགས་རྣམ་པ་གསར་པའི་ལས་ཞུགས་པའི་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱས་པ་དང་ལྷག་པར་དུ་ཤི་རྨས་ཀྱི་ལས་འཛོལ་ཚབས་ཆེན་གྱི་ཐ་སྐྱོང་འགན་ལེན་ནུས་པ་གང་ལེགས་འདོན་ཐུབ་ཡོད། ལམ་ལུགས་དེས་ལས་སྟེགས་ཁེ་ལས་ཀྱི་གཉེར་སྐྱོང་ཉེན་ཁ་ཆུང་དུ་ཕྱིན་ཡོད་པས་ལས་སྟེགས་ཀྱི་དཔལ་འབྱོར་ཚད་ལྡན་དང་སྐྱོན་བྲལ་འཕེལ་རྒྱས་ལ་ཕན་པ་ཡོད་ཅེས་བཤད་པ་རེད།

    ལས་རིགས་ཀྱི་གནོད་འཚེ་འགན་ལེན་ཞེས་པ་ནི་མངགས་སྐྱེལ་བ་དང་དྲ་འབོད་རླངས་འཁོར་ཁ་ལོ་བ་སོགས་ལ་བཟོས་པའི“ལས་རྨས་འགན་བཅོལ་གསར་པ”ཞིག་ཡིན་ཞིང་། ལས་སྟེགས་ཁེ་ལས་ཀྱིས་གྲོན་དངུལ་འཇལ་བ་ལས་ལས་ཞུགས་པ་མི་སྒེར་གྱིས་གྲོན་དངུལ་འཇལ་དགོས་ཀྱི་མེད། དེའི་འགན་ལེན་བྱེད་ཁོངས་དང་། གནས་ཚུལ། ཐོབ་ཆའི་ཚད་གཞི་དང་ཆུ་ཚད་བཅས་ལས་རྨས་འགན་བཅོལ་དང་སྤྱིར་ན་གཅིག་མཚུངས་རེད།

    “ལས་ཞུགས་ཀྱི་རྣམ་པ་གསར་པའི་ལས་ཞུགས་པ་ཞེས་པའི་གསར་དར་ཚོགས་སྤྱི་འདི་སྤྱི་ཚོགས་འགན་བཅོལ་ལ་ཇི་ལྟར་ཞུགས་པའི་ཐད་ཚོད་ལྟའི་ལས་དོན་སྤེལ་ནས་དཀའ་གནད་བསལ་ཏེ་རྩ་ཆེའི་ཉམས་མྱོང་བསགས་ཡོད” གོམ་སྟབས་རྗེས་མར་ཚོད་ལྟའི་བསམ་ཕྱོགས་རྒྱ་ཆེར་གཏོང་བར་ཞིབ་འཇུག་བྱས་ཏེ་ལས་རིགས་ཀྱི་གནོད་འཚེ་འགན་ལེན་རྒྱལ་ཡོངས་སུ་ཁྱབ་པར་རྨང་གཞི་འདིང་གི་ཡིན་ཞེས་ཀྲེང་ཤོན་པོ་ཡིས་བརྗོད་པ་རེད།

    ཀྲེང་ཤོན་པོ་ཡིས་ཚོད་ལྟའི་ལས་དོན་ལ་ཞུགས་པའི་རྣམ་པ་གསར་པའི་ལས་ཞུགས་པར་གལ་སྲིད་སྟབས་མི་ལེགས་པར་ལས་འཛོལ་གྱི་གྱོང་གུན་ཕོག་ཚེ། ཁ་པར་གྱི་APPནང་གི“མཐེབ་གནོན་གཅིག་གིས་གྱོད་དོན་སྙན་སེང་ཞུ་བ”མནན་ནས་ལས་འཛོལ་ཐོན་ཡུལ་པར་བརྒྱབ་སྟེ་དཔང་རྟགས་ཉར་ཆོག་པ་མ་ཟད། སྨན་བཅོས་བྱས་པའི་སྤ་སེ་ཡག་པོ་ཉར་ནས་དེ་བས་སྟབས་བདེའི་ངང་ལས་རིགས་ཀྱི་གནོད་འཚེ་འགན་ལེན་གྱི་ཞབས་འདེགས་འཐོབ་པར་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།

    “ཉེ་དུས་ང་ཚོས་རྒྱལ་ཁབ་ཀྱི་སྤྱི་ཚོགས་འགན་བཅོལ་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་སོགས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཞབས་འདེགས་སྐར་ཁུང་བརྒྱུད་ལས་ཞུགས་ཀྱི་རྣམ་པ་གསར་པའི་ལས་ཞུགས་པ་འགན་བཅོལ་ལ་ཞུགས་པའི་ཆ་འཕྲིན་འདྲི་རྩད་དང་། ཉིན་རེའི་མངགས་ཐོའི་གནས་ཚུལ་རྩད་ཞིབ། ལས་སྟེགས་ཞབས་འདེགས་སྒྲིག་གཞིས་འདྲི་རྩད་སོགས་ཀྱི་ཞབས་འདེགས་ཁྱབ་གདལ་གཏོང་གི་ཡོད། རྗེས་མཐུད་ང་ཚོས་ད་དུང་ཐོབ་ཆ་སྤྲོད་པའི་རེ་འདུན་བདག་སྤྲོད་དང་། ལས་རིགས་ཀྱི་གནོད་འཚེ་གཏན་འཁེལ། ངལ་རྩོལ་ནུས་པ་གསལ་འབྱེད། ཐོབ་ཆ་སྤྲོད་པ། ལས་གཉེར་གྱི་བརྒྱུད་རིམ་སོགས་ཀྱི་ཞབས་འདེགས་སྔར་བས་ཁྱབ་གདལ་གཏོང་གི་ཡིན”ཞེས་ཀྲེང་ཤོན་པོ་ཡིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།