ཅང་སུའུ་ཅུས་རུང་ཆུ་འཐེན་ནུས་གསོག་གློག་ཁང་གི་གློག་གཏོང་ལས་གྲྭར་བར་སྣང་ནས་ཞིབ་བཤེར་རྩིས་ལེན་བྱས་པ།
ཟླ་11ཚེས་1ཉིན། ཅང་སུའུ་ཅུས་རུང་ཆུ་འཐེན་ནུས་གསོག་གློག་ཁང་གི་ཆན་ཧྥུའུ་500ཡི་གློག་གཏོང་ལས་གྲྭར་ཅང་སུའུ་ཞིང་ཆེན་གློག་སྒྱུར་གློག་གཏོང་ཚད་ཡོད་ཀུང་སིའི་ཨར་པོ་བས་སྨི་བརྒྱ་ཟིན་པའི་བར་སྣང་གི་གློག་སྐུད་ལ་འཛེགས་ནས་སྐྱོན་སེལ་ཞིབ་བཤེར་རྩིས་ལེན་བྱས་ནས། ལས་གྲྭར“སྐྱོན་ཆ་སྤུ་ཙམ་ཡང་མེད་པར”འཁོར་རྒྱུག་ཐུབ་པའི་འགན་ལེན་བྱེད་བཞིན་ཡོད། གློག་གཏོང་འགོ་ཚུགས་རྗེས་ཅུས་རུང་ཆུ་འཐེན་ནུས་གསོག་གློག་ཁང་ནས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཆུ་གློག་གཙང་མ་ཟམ་མི་ཆད་པར་གཏོང་ཐུབ་ཀྱི་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཅང་སུའུ་ཅུས་རུང་ཆུ་འཐེན་ནུས་གསོག་གློག་ཁང་སྔོན་དཔག་བྱས་ན་2025ལོར་བསྐྲུན་ཟིན་པར་བྱས་ཏེ་སྤྱོད་འགོ་ཚུགས་ཀྱི་ཡོད་པ་དང་། ལོ་ལྟར་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་13.5ཟིན་ནས། དུད་ཚང་ཁྲི་53གྱི་ལོ་གཅིག་གི་གློག་སྤྱོད་དགོས་མཁོ་སྐོང་ཐུབ་པར་བྱེད་པ་དང་ཆབས་ཅིག ལོ་ལྟར་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་35ཙམ་ཉུང་དུ་ཕྱིན་ནས་ཁོར་ཡུག་སྲུང་སྐྱོང་གི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་གཉིས་ཀ་ཐོན་གྱི་ཡོད་པ་རེད།