དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་རྨང་གཞིའི་སློབ་གསོར་གྲོན་དངུལ་གཏོང་ཚད་སྒོར་དུང་ཕྱུར་ཁྲི་3.2ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-11-04

    ▶ 2022ལོར་རང་རྒྱལ་གྱི་རྨང་གཞིའི་སློབ་གསོར་བཏང་བའི་ནོར་སྲིད་རང་བཞིན་གྱི་སློབ་གསོའི་གྲོན་དངུལ་སྒོར་དུང་ཕྱུར་ཁྲི་3.2ཟིན་པ་དེ་2015ལོ་ལས་སྒོར་དུང་ཕྱུར་ཁྲི་1.3འཕར་ནས་ལོ་རེར་ཆ་སྙོམས་7.7%འཕར་ཡོད་པ་རེད། “ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་། རྨང་གཞིའི་སློབ་གསོའི་སློབ་མཚམས་ཁག་ལ་ནོར་སྲིད་ཀྱི་གཏོང་ཆའི་བསྡོམས་འབོར་དང་སློབ་མ་རེའི་ཆ་སྙོམས་གཏོང་སྒོ་ལོ་རེ་བཞིན་འཕར་བ་ལས་ཆག་མེད་པས། རྨང་གཞིའི་སློབ་གསོ་སྤུས་ལེགས་དང་དོ་སྙོམས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་བྱས་ཡོད།

    ▶ སློབ་ཞུགས་གོང་གི་སློབ་གསོ་དང་། འོས་འགན་སློབ་གསོ། མཐོ་འབྲིང་དཀྱུས་མ་བཅས་ཀྱི་སློབ་མ་ཚང་མའི་སྤྱིར་བཏང་གི་སྤྱི་སྤྱོད་སྔོན་རྩིས་སློབ་གསོའི་གྲོན་དངུལ་2015ལོ་ལས་91%དང་། 33% 53%བཅས་སོ་སོར་འཕར་ནས་སློབ་མ་རེའི་ཆ་སྙོམས་གཏོང་ཆ་ཆེས་ཆེར་འཕར་ཡོད།

    གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། 2022ལོར་རང་རྒྱལ་གྱི་རྨང་གཞིའི་སློབ་གསོར་བཏང་བའི་ནོར་སྲིད་རང་བཞིན་གྱི་སློབ་གསོའི་གྲོན་དངུལ་སྒོར་དུང་ཕྱུར་ཁྲི་3.2ཟིན་པ་དེ་2015ལོ་ལས་སྒོར་དུང་ཕྱུར་ཁྲི་1.3འཕར་ནས་ལོ་རེར་ཆ་སྙོམས་7.7%འཕར་ཡོད་པ་རེད། “ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་། རྨང་གཞིའི་སློབ་གསོའི་སློབ་མཚམས་ཁག་ལ་ནོར་སྲིད་ཀྱི་གཏོང་ཆའི་བསྡོམས་འབོར་དང་སློབ་མ་རེའི་ཆ་སྙོམས་གཏོང་སྒོ་ལོ་རེ་བཞིན་འཕར་བ་ལས་ཆག་མེད་པས། རྨང་གཞིའི་སློབ་གསོ་སྤུས་ལེགས་དང་དོ་སྙོམས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་བྱས་ཡོད།

    གཏོང་ཆ་མང་དུ་བཏང་བས་གྲོན་དངུལ་གྱི་གཞི་ཁྱོན་བརྟན་པོའི་ངང་འཕར་ཞིང་། སློབ་ཞུགས་གོང་གི་སློབ་གསོ་དང་། འོས་འགན་སློབ་གསོ། མཐོ་འབྲིང་དཀྱུས་མ་བཅས་ཀྱི་སློབ་མ་ཚང་མའི་སྤྱིར་བཏང་གི་སྤྱི་སྤྱོད་སྔོན་རྩིས་སློབ་གསོའི་གྲོན་དངུལ་2015ལོ་ལས་91%དང་། 33% 53%བཅས་སོ་སོར་འཕར་ནས་སློབ་མ་རེའི་ཆ་སྙོམས་གཏོང་ཆ་ཆེས་ཆེར་འཕར་ཡོད།

    དྲང་སྙོམས་ལ་སྐུལ་འདེད་བཏང་བས་སློབ་གསོའི་ཧེ་བག་རྒྱུན་ཆད་མེད་པར་ཆུང་དུ་སོང་ཞིང་། ས་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད། ཀྲུང་དབྱང་ནོར་སྲིད་ཀྱི་སློབ་གསོའི་སྒྱུར་སྤྲོད་མ་དངུལ་གྱི་80%ཡན་དབུས་ནུབ་རྒྱུད་ཀྱི་ཞིང་ཆེན་ལ་བཏང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སྤྱི་སྤྱོད་གྲོན་དངུལ་གྱི་གཞི་རྩའི་བཅད་གྲངས་གཅིག་གྱུར་བཟོས་པ། དཀའ་ངལ་ཡོད་པའི་ཚོགས་སྤྱི་མཉམ་དུ་འཕེལ་རྒྱས་གཏོང་བར་འགན་ལེན་བྱེད་པའི་ཐད། རིམ་པ་ཁག་དང་རིགས་ཁག་གི་སློབ་གསོར་ཁྱབ་པའི་སློབ་མའི་རོགས་དངུལ་སྲིད་ཇུས་མ་ལག་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་སུ་གཏོང་བའི་འཆར་གཞི་ལག་བསྟར་ཡག་པོ་བྱས་པ་བཅས་རེད།

    གྲུབ་ཆ་ལེགས་སྒྲིག་བྱས་པས་གྲོན་དངུལ་གྱི་གྲུབ་ཆ་དེ་བས་ལེགས་སུ་སོང་ཞིང་། མ་དངུལ་དེ་བས་མང་བ་དགེ་རྒན་གྱི་དཔུང་ཁག་དང་སློབ་གྲྭའི་སློབ་གསོའི་ནང་དོན་འཛུགས་སྐྱོང་ལ་སྤྱད་དེ་སློབ་གསོའི་གཏོང་ཆའི་གཙོ་གནད“དངོས་པོ”ནས“མིའི”བར་རིམ་བཞིན་འགྱུར་བར་བྱེད་པ་དང་། ཀྲུང་དབྱང་ནོར་སྲིད་ཀྱིས་དམིགས་བསལ་ལས་གནས་ཀྱི་འཆར་གཞི་ལག་བསྟར་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་ལོ་ལྟར་དབུས་ནུབ་རྒྱུད་ཀྱི་གྲོང་གསེབ་ས་ཁུལ་ལ་དགེ་རྒན་ཁྲི་5ལྷག་ཙམ་ཁ་གསབ་བྱས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།