འདི་ལོའི་ཟླ་དང་པོ་ནས་དགུ་པའི་བར་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་དངུལ་འབོར་དུས་མཚུངས་ལས་7.7%འཕར་བ།
ཚེས་1ཉིན། ཚོང་དོན་པུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་དང་པོ་ནས་དགུ་པའི་བར། རང་རྒྱལ་གྱི་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་དངུལ་འབོར་སྒོར་དུང་ཕྱུར་48180.7ཟིན་པ་དེ་དུས་མཚུངས་ལས་7.7%འཕར་ནས་མུ་མཐུད་འཕར་ཚུལ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།
གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་དང་པོ་ནས་དགུ་པའི་བར། རང་རྒྱལ་གྱི་ཞབས་ཞུའི་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་19720.6ཟིན་པ་དེ་དུས་མཚུངས་ལས་8.2%ཆག་པ་དང་། ཞབས་ཞུའི་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་28460.1ཟིན་པ་དེ་དུས་མཚུངས་ལས་22.4%འཕར་ཡོད་པ་རེད། གཙོ་བོ་གཤམ་གསལ་གྱི་ཁྱད་ཆོས་མངོན་ཡོད་པ་སྟེ།
ཤེས་བྱ་མང་འདུས་རྣམ་པའི་ཞབས་ཞུའི་ཚོང་དོན་གྱིས་བསྡུར་ཚད་བཟུང་ཚད་འཕར་ཞིང་། འདི་ལོའི་ཟླ་དང་པོ་ནས་དགུ་པའི་བར། ཤེས་བྱ་མང་འདུས་རྣམ་པའི་ཞབས་ཞུའི་ནང་འདྲེན་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་20259.5ཟིན་པ་དེ་དུང་མཚུངས་ལས་8.6%འཕར་ཏེ་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་དངུལ་འབོར་བསྡུར་གྲངས་ཀྱི་བཟུང་ཚད་42%ཟིན་ནས་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.4འཕར་ཡོད། དེར་ཤེས་བྱ་མང་འདུས་རྣམ་པའི་ཞབས་འདེགས་ཕྱིར་གཏོང་ཚད་སྒོར་དུང་ཕྱུར་11512.9ཟིན་ནས་10.4%འཕར་བ་དང་། ཤེས་བྱ་མང་འདུས་རྣམ་པའི་ཞབས་འདེགས་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་8746.6ཟིན་ནས་6.4%འཕར་ཡོད།
ཡུལ་སྐོར་ཞབས་འདེགས་རྒྱུན་མཐུད་སླར་གསོ་བྱུང་ཞིང་། འདི་ལོའི་ཟླ་དང་པོ་ནས་དགུ་པའི་བར། ཡུལ་སྐོར་ཞབས་འདེགས་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་10540ཟིན་པ་དུས་མཚུངས་ལས་69%འཕར་ནས་འཕར་ཚད་མགྱོགས་ཤོས་ཀྱི་ཞབས་ཞུའི་ཚོང་དོན་ཁྱབ་ཁོངས་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད་པ་ལས་ཕྱིར་གཏོང་འཕར་ཚད་51.9%ཟིན་པ་དང་ནང་འདྲེན་འཕར་ཚད་70.4%ཟིན་ཡོད་པ་རེད།