རང་རྒྱལ་གྱི་ལྷོ་སྣེའི་ཚན་རིག་རྟོག་ཞིབ་རུ་ཁག་ཐེངས་40པ་རྡོག་ཐོན་བྱས་པ།
ཉེ་ཆར། རང་བྱུང་ཐོན་ཁུངས་པུས་སྒྲིག་འཛུགས་བྱས་པའི་ཀྲུང་གོའི་ལྷོ་སྣེའི་ཚན་རིག་རྟོག་ཞིབ་རུ་ཁག་ཐེངས་40པ་རྡོག་ཐོན་གྱིས་དུས་ཡུན་ཟླ་5ལྷག་ཙམ་རིང་ཚན་རིག་རྟོག་ཞིབ་ཀྱི་ལས་དོན་སྤེལ་རྒྱུ་རེད། རང་རྒྱལ་གྱི་ལྷོ་སྣེའི་ཚན་རིག་རྟོག་ཞིབ་ཀྱི་ལས་འགན་ཐོག་མར་གྲུ་གཟིངས་3གྱིས་འགན་ལེན་བྱེད་ཅིང་། “གངས་འབྲུག”རྟགས་ཅན་དང“གངས་འབྲུག་2པ”རྟགས་ཅན་གྱི་གླིང་སྣེའི་ཚན་རིག་རྟོག་ཞིབ་ཀྱི་འཁྱགས་གཏོར་གྲུ་གཟིངས་ཧྲང་ཧའེ་ནས་ཐོན་འགོ་ཚུགས་པ་དང་། “ཐེན་ཧུའེ”དོས་སྐྱེལ་གྲུ་གཟིངས་ཅང་སུའུ་ཀྲང་ཅ་ཀང་ནས་ཐོན་འགོ་ཚུགས་ཡོད། ད་ཐེངས་ཀྱི་རྟོག་ཞིབ་རིང་ལུའོ་སི་ཧའེ་ཤིན་ས་ཚིགས་བསྐྲུན་རྒྱུ་ཡིན་པ་དེ་ནི་ལྷོ་སྣེར་ཡོད་པའི་རང་རྒྱལ་གྱི་ཚན་རིག་རྟོག་ཞིབ་ས་ཚིགས་ལྔ་པ་དེ་རེད།
འདི་ནི“གངས་འབྲུག”རྟགས་ཅན་གྱི་གྲུ་གཟིངས་ཀྲུང་གོའི་གླིང་སྣེའི་རྟོག་ཞིབ་རྒྱལ་ནང་རྟེན་གཞིའི་གྲུ་ཁ་ནས་ཐོན་ཏེ་ལྷོ་སྣེར་སྐྱོད་བཞིན་པ།