དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • བློ་མཐུན་ལི་ཁེ་ཆང་གི་སྐུ་ཕུང་པེ་ཅིང་དུ་ཞུགས་འབུལ་གནང་བ།

    ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་པ་པའོ་ཧྲན་རི་བོའི་གསར་བརྗེའི་སྤྱི་པའི་བང་སོ་ཁང་དུ་ཞལ་གྱེས་ཞུ་བར་ཕེབས་པ་དང་། ཧུའུ་ཅིན་ཐའོ་ཡིས་འདས་མཆོད་མེ་ཏོག་ཕྲེང་བ་ཕུལ་ནས་མྱ་ངན་ཞུས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-11-04

    བློ་མཐུན་ལི་ཁེ་ཆང་མྱུར་སྐྱོབ་གནང་རིང་དང་སྐུ་གཤེགས་རྗེས། བློ་མཐུན་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་། ཧུའུ་ཅིན་ཐའོ་སོཊ་ཀྱིས་སྨན་ཁང་དུ་གཟིགས་པར་ཕེབས་པའམ་ཡང་ན་རྣམ་པ་སྣ་ཚོཊ་ལ་བརྟེན་ནས་བློ་མཐུན་ལི་ཁེ་ཆང་སྐུ་གཤེགས་པར་ཡིད་ཤིན་ཏུ་སྐྱོ་བའི་ངང་མྱ་ངན་ཞུས་པ་མ་ཟད་ཁོང་གི་ནང་མིར་སེམས་གསོའི་འཚམས་འདྲི་ཟབ་མོ་གནང་བ།

    ཟླ་11ཚེས་2ཉིན། བློ་མཐུན་ལི་ཁེ་ཆང་གི་སྐུ་ཕུང་པེ་ཅིང་པ་པའོ་ཧྲན་རི་བོའི་གསར་བརྗེའི་སྤྱི་པའི་བང་སོ་ཁང་དུ་ཞུགས་འབུལ་གནང་བ་རེད། ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་པ་པའོ་ཧྲན་རི་བོའི་གསར་བརྗེའི་སྤྱི་པའི་བང་སོ་ཁང་དུ་ཞལ་གྱེས་ཞུ་བར་ཕེབས་པ་དང་། ཧུའུ་ཅིན་ཐའོ་ཡིས་འདས་མཆོད་མེ་ཏོག་ཕྲེང་བ་ཕུལ་ནས་མྱ་ངན་ཞུས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་ལི་ཁེ་ཆང་གི་གཉེན་ཉེར་ཕྱག་བཏང་ནས་སེམས་གསོའི་འཚམས་འདྲི་ཟབ་མོ་གནང་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་། ཡུན་རིང་ཉམས་སད་ཐེག་པའི་ལྷག་བསམ་རྣམ་དག་གི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ། ཁྱད་དུ་འཕགས་པའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་དང་ཆབ་སྲིད་མཁས་ཅན། ཏང་དང་རྒྱལ་ཁབ་ཀྱི་ཕུལ་དུ་བྱུང་བའི་འགོ་ཁྲིད་པ། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་སྐབས་བཅུ་བདུན་པ་དང་། སྐབས་བཅོ་བརྒྱད་པ། སྐབས་བཅུ་དགུ་པ་བཅས་ཀྱི་རྒྱུན་ལས་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དེ་སྔའི་ཙུང་ལི་བློ་མཐུན་ལི་ཁེ་ཆང་གི་སྐུ་ཕུང་ཚེས་2ཉིན་པེ་ཅིང་པ་པའོ་ཧྲན་རི་བོའི་གསར་བརྗེའི་སྤྱི་པའི་བང་སོ་ཁང་དུ་ཞུགས་འབུལ་གནང་བ་རེད།

    བློ་མཐུན་ལི་ཁེ་ཆང་གློ་བུར་དུ་སྙིང་ནད་ཀྱིས་རྐྱེན་པས་ནུས་ཤུགས་ཡོད་རྒུས་མྱུར་སྐྱོབ་བྱས་ཀྱང་ཕན་འབྲས་མ་ཐོན་པར་2023ལོའི་ཟླ་10ཚེས་27ཉིན་གྱི་ཆུ་ཚོད་0དང་སྐར་མ་10ལ་ཧྲང་ཧའེ་རུ་སྐུ་གཤེགས་པ་དང་། སྐུ་གཤེགས་སྐབས་དགུང་ལོ་68རེད།

    བློ་མཐུན་ལི་ཁེ་ཆང་མྱུར་སྐྱོབ་གནང་རིང་དང་སྐུ་གཤེགས་རྗེས། བློ་མཐུན་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་། ཧུའུ་ཅིན་ཐའོ་སོགས་ཀྱིས་སྨན་ཁང་དུ་གཟིགས་པར་ཕེབས་པའམ་ཡང་ན་རྣམ་པ་སྣ་ཚོགས་ལ་བརྟེན་ནས་བློ་མཐུན་ལི་ཁེ་ཆང་སྐུ་གཤེགས་པར་ཡིད་ཤིན་ཏུ་སྐྱོ་བའི་ངང་མྱ་ངན་ཞུས་པ་མ་ཟད་ཁོང་གི་ནང་མིར་སེམས་གསོའི་འཚམས་འདྲི་ཟབ་མོ་གནང་བ་རེད།

    ཚེས་2ཉིན་གྱི་སྔ་དྲོ། པ་པའོ་ཧྲན་རི་བོའི་གསར་བརྗེའི་སྤྱི་པའི་བང་སོ་ཁང་གི་ཚོམས་ཆེན་དུ་སྒམ་བརླིང་གི་རྣམ་པས་ཁེངས་ཤིང་མྱ་ངན་རོལ་མོ་ལྷང་ལྷང་དུ་གྲགས། ཚོམས་ཆེན་དབུས་སུ་གཞི་རས་ནག་པོའི་སྟེང“བློ་མཐུན་ལི་ཁེ་ཆང་ལ་ཡིད་ཤིན་ཏུ་སྐྱོ་བའི་ངང་མྱ་ངན་ཞུ”ཞེས་ཡི་གེ་དཀར་པོ་བྲིས་པའི་འཕྲེད་འགེལ་སྦྱར་ཡིག་བཀལ་ཡོད་པ་དེའི་གཤམ་འོག་ཏུ་བློ་མཐུན་ལི་ཁེ་ཆང་གི་སྐུ་པར་བཀལ་ཡོད་པ་རེད། བློ་མཐུན་ལི་ཁེ་ཆང་གི་སྐུ་ཕུང་མེ་ཏོག་སོས་པ་དང་ཐང་ཤིང་ཤུག་པའི་ཁྲོད་ན་དབེན་པར་གནས་ཤིང་། སྐུ་ལུས་ལ་དམར་མདངས་བཀྲ་བའི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར་བསྒྲོན་ཡོད་པ་རེད།

    སྔ་དྲོའི་ཆུ་ཚོད་9པ་ཡོལ་ཙམ་ལ། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལེ་ཡོན་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་མྱ་ངན་གྱི་རོལ་དབྱངས་ཁྲོད་བློ་མཐུན་ལི་ཁེ་ཆང་གི་སྐུ་ཕུང་གི་མདུན་དུ་དལ་བུར་ཕེབས་ཤིང་། སྒམ་བརླིང་ངང་ངག་བསྡམས་ནས་མྱ་ངན་ཞུས་པ་དང་། བློ་མཐུན་ལི་ཁེ་ཆང་གི་སྐུ་ཕུང་ལ་གུས་འདུད་ལན་གསུམ་ཞུས་པ་མ་ཟད། བློ་མཐུན་ལི་ཁེ་ཆང་གི་གཉེན་ཉེ་རེ་རེ་བཞིན་ལ་ཕྱག་བཏང་ནས་སེམས་གསོའི་འཚམས་འདྲི་ཞུས་པ་རེད། ཧུའུ་ཅིན་ཐའོ་ཡིས་འདས་མཆོད་མེ་ཏོག་ཕྲེང་བ་ཕུལ་ནས་བློ་མཐུན་ལི་ཁེ་ཆང་སྐུ་གཤེགས་པར་མྱ་ངན་ཞུས་པ་རེད།

    ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་ཞལ་གྱེས་ཞུ་བར་བཅར་བའམ་ཡང་ན་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་མྱ་ངན་ཞུས་པ་རེད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་། བློ་མཐུན་ལི་ཁེ་ཆང་སྐུ་འཚོ་བཞུགས་སྐབས་ཀྱི་གྲོགས་པོ་དང་ཕ་ཡུལ་གྱི་འཐུས་མི་ཡང་ཞལ་གྱེས་ཞུ་བར་བཅར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།