དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • རང་ལྗོངས་ཀྱི་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས།

    ཚོང་གཉེར་བྱེད་པོར“ཁུར་པོ་ཡང་དུ་བཏང་ནས་ལས་དོན་སྤེལ་བར”རམ་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-03

    གསར་འགོད་པར་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་གཉིས་རིང་། རྒྱ་ཆེའི་གཉེར་སྐྱོང་བྱེད་པོ་དང་ལྷག་པར་དུ་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ལ“ཁུར་པོ་ཡང་དུ་བཏང་ནས་ལས་དོན་སྤེལ་བར”རམ་འདེགས་བྱ་ཆེད། ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་འགྲིམ་འགྲུལ་ཟོག་འགྲེམས་དང་། ཆུ། གློག དྲོད་རླངས་སོཌ་སྤྱི་སྤྱོད་བྱ་གཞག་དང་། དངུལ་རྩའི་ལས་རིགས། སྲིད་གཞུང་སྡེ་ཚན་དང་དེ་བཞིན་དེའི་མངའ་འོག་ཚན་པ། ལས་རིཌ་མཐུན་ཚོགས་དང་ཚོང་ཚོགས་སོགས་ཁྱབ་ཁོངས་ཀྱི་ཁེ་ལས་དང་འབྲེལ་བའི“གྲོན་དངུལ་གང་བྱུང་དུ་བསྡུ་བ་དང་། དངུལ་ཆད་གང་བྱུང་དུ་བཏང་བ། ཆ་གསེས་གང་བྱུང་རྒྱག་པ”བཅས་ཀྱི་གནད་དོན་ལ་ཕྱོགས་ཡོངས་ནས་གཙང་སེལ་དང་བཅོས་སྒྲིག་བྱས་ཏེ། གྲོན་བསྡུའི་བྱེད་པོའི་སྒྲིག་སྲོལ་དང་མཐུན་པའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཁེ་ལས་ཀྱི་གཉེར་སྐྱོང་མ་གནས་ཆུང་དུ་གཏོང་བ། གྲོན་བསྡུའི་བྱེད་པོའི་སྒྲིག་སྲོལ་དང་མཐུན་པའི་འདུ་ཤེས་སྔར་བས་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས། རིགས་ཁག་གི་གཉེར་སྐྱོང་བྱེད་པོའི་མ་འཇོག་ལས་དར་གྱི་གསར་གཏོད་ལ་སྔར་བས་ལེགས་པའི་ཁོར་ཡུག་བཏོད་ཡོད།

    2022ལོ་ནས་བཟུང་། ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་རིམ་ཁག་ཁྲོམ་ར་ལྟ་འདོམས་སྡེ་ཚན་དང་མཉམ་དུ་ཁྲིམས་སྒྱུར་པ་མི་ཐེངས་120བཏང་བ་དང་འབྲེལ། ཅང་ཤིས་ཞིང་ཆེན་དང་ཀྲེ་ཅང་ཞིང་ཆེན་གྱི་ཁེ་ལས་དང་འབྲེལ་བ་ཡོད་པའི་གྲོན་བསྡུའི་ལྟ་འདོམས་རིཌ་གཅིག་མཁས་ཅན་6སློབ་ཁྲིད་གནང་བར་གདན་དྲངས་ཏེ། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་དུ་ཁེ་ལས་དང་འབྲེལ་བའི་གྲོན་བསྡུའི་མཉམ་འབྲེལ་ཞིབ་བཤེར་དང་སྣོལ་མར་ཞིབ་བཤེར་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གཙང་བཤེར་བཅོས་སྒྲིག་ལས་དོན་ལ་ཕན་འབྲས་དངོས་ཐོན་པར་འགན་ལེན་བྱ་ཆེད། ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་མུ་མཐུད་གྱོད་གཞི་ཞིབ་བཤེར་ཐག་གཅོད་ལ་སྐུལ་འདེད་ཏན་ཏིག་བཏང་ནས། གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་མགྱོགས་སུ་བཏང་སྟེ། རྩད་ཆོད་མཐའ་གསལ་བྱུང་བའི་སྒྲིག་འགལ་གྲོན་བསྡུའི་གནད་དོན་ཐོ་འགོད་བྱེད་དགོས་རིགས་ཐོ་འགོད་དང་གྲོན་དངུལ་ཕྱིར་སློག་དགོས་རིགས་ཕྱིར་སློག་བྱས་པ་རེད། སྒྲིག་འགལ་གྲོན་བསྡུའི་བྱེད་པོར་ཁྲོམ་ར་ལྟ་འདོམས་དང་། ལས་རིཌ་ལྟ་འདོམས། ཡིད་རྟོན་ལྟ་འདོམས་སོཌ་ཀྱི་བྱེད་ཐབས་སྤྱད་དེ་མཉམ་དུ་ཆད་གཅོད་བསླབ་འདོམས་བྱས་ནས་གནས་ཚུལ་ཚབས་ཆེན་དང་ངོ་བོ་ཞན་པའི་དཔེ་མཚོན་གྱོད་དཔེ་ཡོངས་བསྒྲགས་དམར་འདོན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།