དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • དངོས་མཚོན་གློག་བརྙན《མཚོ་སྔོན། མི་དང་རང་བྱུང་ཁམས་ཀྱི་གླུ་དབྱངས་སྙན་མོ》ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་སུ་བསྟན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-11-03

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་10ཚེས་30ཉིན་ནས་བཟུང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ཚན་སློབ་འཕྲིན་ལམ་CCTV-10《ས་ཁམས་དང་ཀྲུང་གོ》ཞེས་པའི་ལེ་ཚན་གྱིས་མཚོ་སྔོན་ཞིང་ཆེན་རླུང་འཕྲིན་བརྙན་འཕྲིན་ཅུས་དང་མཉམ་དུ་པར་ལེན་བྱས་པའི་དངོས་མཚོན་གློག་བརྙན《མཚོ་སྔོན། མི་དང་རང་བྱུང་ཁམས་ཀྱི་གླུ་དབྱངས་སྙན་མོ》ཞེས་པ་དེ《ས་ཁམས་དང་ཀྲུང་གོ》ཞེས་པའི་ལེ་ཚན་ཐོག་མཚོ་སྔོན་གྱི་ལེའུ《ས་མཐོའི་ངོ་མཚར་མཛེས་ལྗོངས》ཞེས་པ་ཉིན་རེར་ལེའུ་1སྟོན་རྒྱུ་དང་ཁྱོན་ལེའུ་11ཡོད། ལེའུ་རེར་སྐར་མ་30ཡོད།

    གློག་བརྙན་དེའི་ནང་མཚོ་སྔོན་གྱི་སྐྱེ་ཁམས་གཏམ་རྒྱུད་བརྗོད་པ་དང་། ས་ཁམས་ཀྱི་ཁྱད་ཆོས་ལ་གཞིགས་ནས་ཚན་རིག་ཁྱབ་གདལ་གྱི་ཤེས་བྱ་བརྗོད་པ་དང་། མི་དང་རང་བྱུང་ཁམས་དབར་ཞི་མཐུན་མཉམ་གནས་བྱ་རྒྱུ་དེ་གློག་བརྙན་ཧྲིལ་པོའི་བརྗོད་དོན་གཙོ་བོར་བྱས་ཡོད། མིས་བཟོས་ཡུལ་ལྗོངས་དེ་རང་བྱུང་ཁོར་ཡུག་དང་མཉམ་འདྲེས་བྱས་པ་བརྒྱུད་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་ལེན་གཏིང་ཟབ་བསྟར་ཏེ། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ཚད་ཐོག་ནས་འཕེལ་རྒྱས་ལ་ཇུས་འགོད་ཤུགས་ཆེན་བྱས་ཏེ་ཚེ་སྲོག་ཞི་མཐུན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཉིས་ཁེའི་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱས་པ་མངོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།