དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས།

    རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་རོགས་སྐྱོར་རྫོང་གི་ཚན་རྩལ་ཆེད་མངགས་ཚོཊ་པའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོཊ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-11-03

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུས་མཚོ་སྔོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་དང་ཞིང་ཆེན་ཚན་རྩལ་ཐིང་དང་མཉམ་དུ་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་རོགས་སྐྱོར་རྫོང་གི་ཚན་རྩལ་ཆེད་མངགས་ཚོགས་པའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་པ་རེད། ཚོགས་འདུར་ཀྲུང་དབྱང་རྩ་འཛུགས་པུའུ་སོགས་པུའུ་ཨུད་6གི《རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་རོགས་སྐྱོར་རྫོང་ལ་ཚན་རྩལ་ཆེད་མངགས་ཚོགས་པ་འདེམས་གཏོང་བྱ་རྒྱུའི་སྐོར་གྱི་བརྡ་ཐོའི》བླང་བྱ་དང་ཟླ་10ཚེས་26ཉིན་གྱི་རྒྱལ་ཡོངས་ཀྱི་ལས་བྱེད་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་རོགས་སྐྱོར་རྫོང་གི་ལས་དོན་གྱི་སྐུལ་འདེད་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། འབྲེལ་ཡོད་གྲོང་ཁྱེར་དང་ཀྲོའུ་ཡི་ཚན་རྩལ་ཆེད་མངགས་ཚོགས་པའི་ལས་དོན་སྙན་ཞུ་དང་སྐོང་མཁན་དང་། འབྲེལ་གཏུག་བྱེད་མཁན། ཚོགས་གཙོ་བཅས་ཀྱི་འཐུས་མིའི་གཏམ་བཤད་ཉན་པ་དང་གནད་དོན་ལ་ཞིབ་འཇུག་བྱས་པ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།

    ཚོགས་འདུར་དཔུང་ཁག་འཛུགས་སྐྱོང་དང་། ཐོན་ལས་འཕེལ་རྒྱས། ཞབས་ཞུའི་སྤུས་ཚད་སོགས་ཀྱི་རྒྱུ་རྐྱེན་གཙོ་བོར་དམིགས་ནས་བརྟག་ཞིབ་ལྟ་སྐུལ་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། རྒྱབ་སྐྱོར་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་འདོམས་དོ་དམ་ལ་ཤུགས་སྣོན་རྒྱག་པ། གསོ་སྦྱོང་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཚན་རྩལ་ཆེད་མངགས་ཚོགས་པའི་ཁོངས་མི་གཞི་རིམ་དང་མང་ཚོགས་ཁྲོད་བསྐྱོད་པར་སྐུལ་འདེད་ནུས་ལྡན་བཏང་སྟེ། ཚན་རྩལ་རོགས་སྐྱོར་དང་ཤེས་ལྡན་པའི་རོགས་ཁྲིད་སོགས་ཀྱི་ལས་དོན་ཏན་ཏིག་སྤེལ་དགོས་པའི་ནན་བཤད་བྱས་པ་རེད།

    ཚོཊ་འདུར་འབྲེལ་ཡོད་གྲོང་ཁྱེར(ཀྲོའུ)དང་རྫོང(གྲོང་ཁྱེར)གིས་ཚན་རྩལ་ཆེད་མངགས་ཚོགས་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བ་དང་ལས་དོན་དེ་རྫོང་ཁོངས་ཀྱི“ཞིང་གསུམ”ལས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་མཉམ་དུ་བཀོད་སྒྲིག་དང་། མཉམ་དུ་སྐུལ་འདེད། མཉམ་དུ་དོན་འཁྱོལ་བཅས་བྱེད་དགོས་པ་དང་། འབྲེལ་མཐུད་བྱེད་རྒྱུར་དོ་སྣང་དང་བརྒྱུད་རིམ་ལྡན་པའི་འཆར་འགོད་བྱེད་པ་དང་། ཐོན་ལས་དང་། ལག་རྩལ། ཤེས་ལྡན་པ་བཅས་ཀྱི་དགོས་མཁོར་དམིགས་པ། རང་འགུལ་ངང་ཚན་རྩལ་ཆེད་མངགས་ཚོགས་པ་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་སྟོབས་ཤུགས་བསྡུ་སྒྲིལ་བཅས་བྱས་ནས་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་རྒྱུར་འགོག་རྐྱེན་བཟོ་བའི་འཇུར་མིག་སེལ་ཐུབ་པ་བྱེད་དགོས་པ། ཞིང་ཆེན་རིམ་པའི་དཔྱད་ཞིབ་ཀྱི་གྲ་སྒྲིག་ལས་དོན་ཁག་ནན་ཏན་ངང་བསྒྲུབས་ནས་ཞིང་ཆེན་རིམ་པའི་དཔྱད་ཞིབ་གོ་སྐབས་སུ་བྱས་ཏེ་གནས་ཚུལ་གསེད་བཀྲོལ་དང་། གནད་དོན་འཚོལ་བ། རྒྱུ་རྐྱེན་དབྱེ་ཞིབ། རིམ་སྤོར་དམ་འཛིན་བཅས་བྱས་ནས་རྒྱལ་ཁབ་ཀྱི་དུས་འབྲིང་གི་ཚོད་སྐོར་བསུ་བར་རྨང་གཞི་བརྟན་པོ་འདིང་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།