དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རེས་སྐོར་དྲུག་པའི“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”བྱེད་སྒོ་སྤེལ་འགོ་ཚུགས་པ།

    ཕོ་བྲང་པོ་ཏ་ལར་ཟླ་11ཚེས་1ཉིན་ནས་རིན་མི་དགོས་པར་ལྟ་སྐོར་བྱེད་ཆོག་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-11-03

    གསར་འགོད་པར་བོད་རང་སྐྱོང་ལྗོངས་ཡུལ་སྐོར་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། 2023ལོའི་ཟླ་11ཚེས་1ནས་2024ལོའི་ཟླ་3ཚེས་15ཉིན་བར། རེས་སྐོར་དྲུག་པའི“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”ཁྲོམ་རའི་སྐུལ་སྤེལ་བྱ་དགའི(ཁ་གསབ)གཟིགས་སྐྱོང་སྲིད་ཇུས་ལག་ལེན་བསྟར་རྒྱུ་རེད།

    ད་ཐེངས་ཀྱི་བྱ་དགའ(ཁ་གསབ)སྤྲོད་ཡུལ་ནི་ལྗོངས་ནང་ཁུལ་དུ་ལྗོངས་ཕྱིའི་ཡུལ་སྐོར་ཚོགས་པ་བསྡུ་རུབ་དང་སྣེ་ལེན་བྱེད་མཁན་ཡུལ་སྐོར་ལས་དོན་ཁང་དང་། Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ(དགོན་སྡེའི་མཛེས་ལྗོངས་ཁུལ་ཕུད)ཡུལ་སྐོར་སྐྱེལ་འདྲེན་ཁེ་ལས། བོད་ནས་འཕུར་འོང་བྱེད་པའི་མཁའ་འགྲུལ་ཀུང་སི་བཅས་རེད།

    བྱེད་སྒོ་སྤེལ་རིང་། དགོན་སྡེའི་མཛེས་ལྗོངས་ཁུལ་ཕུད་ལྗོངས་ཡོངས་ཀྱི་Aརིམ་པའི་མཛེས་ལྗོངས་ཁུལ་ཚང་མར་རིན་པ་མི་དགོས་པར་ལྟ་སྐོར་བྱེད་ཆོག་པ་དང་། སྐར་གསུམ(སྐར་མ་རིམ་པ་གསུམ་པ་ཚུད་པ)ཡན་གྱི་མགྲོན་ཁང(གསོལ་མགྲོན་ཁང)དང་དེ་བཞིན་རྒྱལ་སྤྱིའི་སྤུས་རྟགས་དང་སྤུས་དག་ཨར་ཁང་དུ་ཡུལ་སྐོར་བ་ཉུང་བའི་དུས་ཚིགས་ཀྱི་རིན་གོང་ལག་བསྟར་བྱེད་པ། ཡུལ་སྐོར་གྱི་ཁྲིམས་མཐུན་འོས་ཐོབ་ལྡན་པའི་སྐྱེལ་འདྲེན་ཁེ་ལས(དམངས་གཉེར་སྐྱེལ་འདྲེན་ཚུད་པ)ཀྱི་འགྲུལ་སྐྱེལ་རིན་གོང་ཡུལ་སྐོར་བ་མང་བའི་དུས་ཚིགས་ཀྱི་རིན་གོང་གི་50%ལས་མི་བརྒལ་བ་གཞིར་བཟུང་ཡུལ་སྐོར་བ་ཉུང་བའི་དུས་ཚིགས་ཀྱི་རིན་གོང་ལག་བསྟར་བྱེད་རྒྱུ་རེད། མཁའ་འགྲུལ་ཀུང་སི་ཁག་གིས(དེ་ཉིན་ལས་སྟེགས་ཐོག་ཁྱབ་བསྒྲགས་བྱས་པའི་ཁ་ཐོར་ཡུལ་སྐོར་བའི་སྤ་སེའི་རིན་གོང་ལས་བརྒལ་མི་ཆོག)ཡུལ་སྐོར་བ་ཉུང་བའི་དུས་ཚིགས་ཀྱི་རིན་གོང་ལག་བསྟར་བྱེད་པ་མ་ཟད། ལྗོངས་ནང་ཁུལ་གྱི་ཡུལ་སྐོར་ལས་དོན་ཁང་དང་གྲངས་ཚད་ངེས་ཅན་གྱི་སྡོད་གནས་འགན་ལེན་བྱེད་པའི(སྡོད་གནས་100འམ་ཡང་ན་200བར)གྲོས་མཐུན་འཇོག་དགོས་ཀྱི་ཡོད།

    གཞན་ཡང་། གསར་འགོད་པར་ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་ནས་ཤེས་རྟོགས་བྱུང་བར། ཕོ་བྲང་པོ་ཏ་ལའི་མཛེས་ལྗོངས་ཁུལ་གྱིས་2023ལོའི་ཟླ་11ཚེས་1ནས་2024ལོའི་ཟླ་3ཚེས་15ཉིན་བར། རེས་སྐོར་དྲུག་པའི“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”བྱེད་སྒོའི་སྲིད་ཇུས་ལག་ལེན་བསྟར་རྒྱུ་ཡིན་ཞིང་། དེའི་རིང་ཕོ་བྲང་པོ་ཏ་ལར་རིན་མི་དགོས་པར་སྔོན་མངགས་ལྟ་སྐོར་དང་། དེ་བཞིན་འཚང་གཡོལ་དང་། ཚད་བཀག སྔོན་མངགས་བཅས་ཀྱི་ལམ་ལུགས་ལག་ལེན་བསྟར་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།