རང་རྒྱལ་གྱིས་རྒྱལ་ཁབ་རིམ་པའི་ལྗང་མདོག་གཏེར་རི་1100ལྷག་ཙམ་བཏོད་པ།
གསར་འགོད་པས་རང་བྱུང་ཐོན་ཁུངས་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། རང་རྒྱལ་གྱི་ལྗང་མདོག་གཏེར་རི་གཏོད་པར་འཕེལ་རིམ་གསར་པ་བྱུང་ནས་ས་གནས་ཁག་གིས་ཆེད་དོན་འཆར་འགོད་དང་། དོ་དམ་བྱ་ཐབས། ལག་བསྟར་ཇུས་གཞི་སོགས་སྲིད་ཇུས་ཀྱི་ཡིག་ཆ་བཏོན་ནས་ལྗང་མདོག་གཏེར་རི་གཏོད་པར་སྐུལ་འདེད་ཧུར་ཐག་བཏང་ཞིང་། 2022ལོའི་ལོ་མཇུག་བར་རྒྱལ་ཁབ་རིམ་པའི་ལྗང་མདོག་གཏེར་རི་1100ལྷག་ཙམ་བཏོད་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་རང་རྒྱལ་གྱིས་གཏེར་ཁའི་ཐོན་ཁུངས་ལུགས་མཐུན་སྔོག་འདོན་དང་བེད་སྤྱོད་ཀྱི་གདེང་འཇོག་དམིགས་ཚད་མ་ལག་བཙུགས་ཡོད། སྔོག་བཞིན་པའི་གཏེར་རི་ཚང་མའི་སྔོག་འདོན་སྐྱེལ་འདྲེན་བྱེད་ཚད་དང་། གཏེར་ཁ་བདམས་ནས་བསྡུ་ཚད། ཕྱོགས་བསྡུས་བེད་སྤྱོད་བྱེད་ཚད་བཅས་ཀྱི་དམིགས་ཚད་ལ་ཞིབ་འཇུག་དང་ཡོངས་བསྒྲགས་བྱས་པའི་རྨང་གཞིའི་ཐོག“ཚད་གསུམ”གྱི་ཚད་གཞིའི་ཞིབ་འཇུག་ལས་དོན་བཀོད་སྒྲིག་བྱས་ནས་གཏེར་རི་ཚང་མར་སྔོག་འདོན་དང་བེད་སྤྱོད་ཀྱི་དམིགས་ཚད་བརྟག་དཔྱད་མཐིལ་རྟོགས་ལེགས་སྒྲུབ་བྱས་ནས་གཏེར་ཁའི་རིགས་85དང་འབྲེལ་བ་ཡོད་པའི“ཚད་གསུམ”གྱི་ཚད་གཞི་10རགས་ཙམ་ཆགས་ཡོད་པ་རེད། རང་བྱུང་ཐོན་ཁུངས་པུའུ་ཡིས་རྒྱལ་ཡོངས་སུ་གཏེར་ཁའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་ངང་བེད་སྤྱོད་བྱེད་མཁན་དཔེ་སྟོན་རྫོང(གྲོང་ཁྱེར)57བདམས་ནས་ཁྱབ་བསྒྲགས་བྱས་པ་རེད།
གཏེར་རིའི་སྐྱེ་ཁམས་སླར་གསོ་དང་ལྗང་མདོག་འཕེལ་རྒྱས་བཏང་ཞིང་། རྒྱལ་ཡོངས་ཀྱི་ལོ་རྒྱུས་ཐོག་ལུས་པའི་གཏེར་རིར་ཞིབ་དཔྱད་དང་ཆུ་བོ་རྒྱུག་ཁུལ་གཙོ་བོ་དང་གཙོ་གནད་ས་ཁོངས་ཀྱི་ལོ་རྒྱུས་ཐོག་ལུས་པའི་གཏེར་རིའི་སྐྱེ་ཁམས་སླར་གསོ་བྱེད་ཤུགས་ཆེ་རུ་བཏང་བ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ལོ་རྒྱུས་ཐོག་ལུས་པའི་གཏེར་རིའི་སྐྱེ་ཁམས་སླར་གསོའི་དཔེ་སྟོན་འདུ་འགོད་ཁག་དང་པོ་བཀོད་སྒྲིག་དང་ལག་ལེན་བསྟར་བ། ལྗང་མདོག་རྩད་ཞིབ་ཚད་གཞིའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ལས་ཀའི་བཀོད་པ་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ། ལོ་འཁོར་གྱི་ལྗང་མདོག་གཏེར་རིར་ས་གནས་ས་ཐོག་ཏུ་འཐེན་བཤེར་དང་ཞིབ་བཤེར་བྱས་པ། ས་གནས་ཁག་གིས་ལྗང་མདོག་གཏེར་རི་གཏོད་པའི་སྲིད་ཇུས་ཀྱི་ཡིག་ཆ་བཏོན་ནས་ལྗང་མདོག་གཏེར་རི་གཏོད་པར་སྐུལ་འདེད་བཏང་བ་བཅས་རེད།