གཞིས་རྩེ་གྲོང་ཁྱེར་དུ་གཉེར་སྐྱོང་བྱེད་པོ་ཁྲི་10ལྷག་ཙམ་ཟིན་པ།
གསར་འགོད་པར་གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་10ཚེས་26ཉིན་བར། གཞིས་རྩེ་གྲོང་ཁྱེར་དུ་གཉེར་སྐྱོང་བྱེད་པོ་ཁྲི་10ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་15.93%འཕར་ནས་ལྗོངས་ཡོངས་ནས་ལྷ་ས་གྲོང་ཁྱེར་རྗེས་ཀྱི་གཉེར་སྐྱོང་བྱེད་པོ་ཁྲི་10ལྷག་ཙམ་ཟིན་པའི་ས་ཁུལ་རིམ་པའི་གྲོང་ཁྱེར་གཉིས་པར་མུ་མཐུད་གྱུར་ཡོད།
ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ཁེ་ལས་མང་ཚོགས་ཀྱི་ཚོར་སྣང་དང་། ཐོབ་སྣང་། བློ་ཡིད་ཚིམ་ཚད་བཅས་ཆེ་རུ་གཏོང་རྒྱུ་འཇུག་གཞིར་བྱས་ནས་དམངས་ཕན་གྱི་བྱ་ཐབས་ནུས་ལྡན་རབ་དང་རིམ་པ་བཏོན་པ་དང་། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་མུ་མཐུད་ཟབ་ཏུ་བཏང་བ། སྲིད་དོན་ཞབས་ཞུའི་ལས་ཕྱོད་ཆེ་རུ་ཧུར་ཐག་བཏང་བ། ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་བ་བཅས་བྱས་ཡོད། འདི་ལོའི་ཟླ་དང་པོ་ནས་ཟླ་10ཚེས་26ཉིན་བར། གཉེར་སྐྱོང་བྱེད་པོ་ཁྲི་1.2མང་དུ་ཕྱིན་པ་དེ་དུས་མཚུངས་ལས་62.30%འཕར་ཡོད་པ་རེད།