དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་འཛུགས་སྐྲུན་ཚད་ཡོད་ཀུང་སིས།

    ཏང་ཡོན་སྒྲིག་འཛུགས་ཀྱིས་ལྷུན་གྲུབ་རྫོང་གི་ཏང་གཤིས་སློབ་གསོའི་རྟེན་གཞིར་ལྟ་སྐོར་ལ་བསྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-02

    ཉེ་ཆར་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུཌ་འཛུཌ་སྐྲུན་ཚད་ཡོད་ཀུང་སིས་ཏང་ཡོན་ལས་བྱེད་པ་ལྷུན་གྲུབ་རྫོང་གི་ཏང་ཡོན་གྱི་ཏང་གཤིས་སློབ་གསོའི་རྟེན་གཞིར་ལྟ་སྐོར་སློབ་སྦྱོང་ལ་བསྐྱོད་རྒྱུ་སྒྲིག་འཛུཌ་བྱས་པ་དང་། ཏང་ཡོན་20ལྷག་ཙམ་ཞུཌ་ཡོད།

    ལྟ་སྐོར་བྱེད་མཁན་ཏང་ཡོན་གྱིས་གུས་བཀུར་གྱི་སེམས་པ་འཆང་བཞིན་རྟེན་གཞིར་བསྐྱོད་པ་དང་། སྔོན་ལ་ཚོགས་ཁང་གི་མདུན་དུ་ཏང་ཞུགས་དམ་ཚིག་བསྐྱར་དྲན་བྱས་ནས་ཏང་ཞུགས་ཀྱི་ཐོག་མའི་བསམ་འདུན་བློ་ལ་འཆར་བར་བྱས་པ་དང་ཆབས་ཅིག་དངོས་མཚོན་གློག་བརྙན་ཡང་མཉམ་དུ་བལྟས་པ་རེད། དེ་རྗེས་འགྲེལ་བཤད་པའི་སྣེ་ཁྲིད་འོག་ཚང་མས་ཞིང་རའི་གནས་ཡུལ་རྙིང་པའི་གཞུང་ལས་ཁང་དང་ཉལ་ཁང་ལ་ལྟ་སྐོར་དང་། འགྲེམས་སྟོན་དངོས་རྫས་རྙིང་པར་ལྟ་སྐོར། པར་གཞི་དང་ཡིག་རིགས་ཀྱི་ངོ་སྤྲོད་མདོར་བསྡུས་སོགས་ལྟ་ཀློག་བྱས་ནས་ལྷུན་གྲུབ་ཞིང་རའི་ལོ་རྒྱུས་དང་གཏམ་རྒྱུད་ཤེས་རྟོགས་དང་སྐབས་དེ་དུས་ཀྱི་རྩ་ཆེའི་ཞིང་སྣོད་རྣམ་པ་ཕྱིར་དྲན་བྱས་པ་རེད།

    ལྟ་སྐོར་མཇུག་འགྲིལ་རྗེས་ཚང་མས་ཏང་གི་སྲོལ་རྒྱུན་བཟང་པོའི་ཁྲོད་ནས་འབད་འབུངས་མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན་བྱེད་པ་དང་། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། ཐོག་མའི་བསམ་འདུན་མ་བརྗེད་པར་འབད་འབུངས་མདུན་སྐྱོད་བྱེད་པ། ལས་གནས་ལ་གཞི་ཚུགས་ནས་ལས་ཀ་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ། ལས་ཀའི་སྤྲོ་སེམས་དེ་བས་ཆེ་བ་དང་ཧུར་བརྩོན་གྱི་རྣམ་འགྱུར་ཐོག་ནས་རང་འཁྲིའི་ལས་ཀ་ཧུར་ཐག་བསྒྲུབ་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།