ལོ་རྒྱུས་དང་དེང་རབས་མཉམ་འདྲེས་ཀྱི་ཉིང་པོའི་གྲམ་ཐང་རྙིང་པ།
འདི་ནི་དེ་སྔའི་གྲུ་ཁའི་སྒྲིག་བཀོད་ད་ཆ་ཉིང་པོའི་གྲང་ཐང་རྙིང་པའི་རྐང་ལམ་མཛེས་ལྗོངས་ཁུལ་དུ་གྱུར་པ།
ཉེ་བའི་ལོ་ཤས་རིང་། ཉིང་པོ་གྲོང་ཁྱེར་དང་ཅང་པེ་ཆུས་ཀྱིས་གྲམ་ཐང་རྙིང་པའི་ལོ་རྒྱུས་ལྡན་པའི་བཟོ་སྐྲུན་དང་། གྲུ་ཁའི་ཡུལ་ལྗོངས། རིག་གནས་ཐོན་ལས་བཅས་ཟུང་འབྲེལ་བྱས་ནས་ཉིང་པོའི་གྲམ་ཐང་རྙིང་པའི་རྐང་ལམ་ཁྲོམ་གཞུང་བསྐྲུན་ཡོད། མིག་སྔར་ཉིང་པོའི་གྲམ་ཐང་རྙིང་པའི་རྐང་ལམ་ཁྲོམ་གཞུང་ལ་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་4.8ཡོད་པ་དང་ཚོང་དུད་སྣ་ཚོགས་140ལྷག་ཙམ་ཡོད། དུས་ཡུན་རིང་བའི་མཚོ་ཐོག་སྐྱེལ་འདྲེན་གྱི་རིག་གནས་དང་། ཕུན་སུམ་ཚོགས་པའི་ཚོང་ལས་ཀྱི་ལས་རྣམ། རིམ་པ་སྟར་ཆགས་ཀྱི་ཁང་པ་གསར་རྙིང་གཅིག་ལ་གཅིག་རྒྱན་དུ་སྣང་བས་ལོ་རྒྱུས་དང་དེང་རབས་མཉམ་འདྲེས་ཀྱི་ཉིང་པོའི་གྲམ་ཐང་རྙིང་པ་ཞིག་མངོན་པ་དང་ཡུལ་སྐོར་བ་དང་གྲོང་མི་མང་པོ་ཞིག་ལྟ་སྐོར་དང་སྤྲོ་གསེང་དུ་ཡོང་རྒྱུའི་ཡིད་དབང་བཀུག་ཡོད།