དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཁུ་པའི་ཚན་རིག་མཁས་ཅན་ཕེ་ཏེ་ལེ་ལ་འཕྲིན་ལན་སྤྲིངས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-11-02

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁུ་པའི་གྲགས་ཅན་ཚན་རིག་མཁས་ཅན་ཕེ་ཏེ་ལེ་ལ་འཕྲིན་ལན་སྤྲིངས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཁྱེད་ཀྱིས་ཁུ་པ་དང་ཀྲུང་གོའི་དབར་གྱི་དམིགས་བསལ་མཛའ་གྲོགས་འབྲེལ་བ་ཟབ་ཏུ་གཏོང་བར་ཡུན་རིང་གཞོལ་ནས། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཚན་ཞིབ་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་བར་ཚད་བརྒལ་གྱི་རང་བཞིན་ལྡན་པའི་གྲུབ་འབྲས་མང་པོ་ཐོབ་ཡོད་པས། ངས་ཁྱེད་དང་ཁྱེད་ཀྱིས་སྣེ་ཁྲིད་གནང་བའི་ཚོགས་པར་རྟེན་འབྲེལ་ཞུ།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ནི་འཕེལ་ཕྱོགས་ཆེན་པོ་ཞིག་རེད། རྒྱལ་ཁབ་ཁག་གིས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བྱ་གཞག་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། འདི་ལོ་ནི་ངས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་ནས་ལོ་བཅུ་འཁོར་བའི་ལོ་རེད། གྲོས་འགོ་འདིའི་རྩ་བའི་འགོ་འཛུགས་ས་དང་དོན་ལ་འབབ་ས་ནི་ཐག་རིང་གི་གཉེན་ཉེ་དང་ཉེ་འགྲམ་གྱི་ཁྱིམ་མཚེས་མཉམ་དུ་འཕེལ་རྒྱས་གཏོང་བའི་བྱ་ཐབས་གསར་པ་འཚོལ་ཞིབ་བྱས་ནས་རྒྱལ་ཁབ་ཁག་ལ་བདེ་རྩ་སྐྲུན་པ་དང་འཛམ་གླིང་ལ་ཕན་པའི“བདེ་སྐྱིད་ཀྱི་ལམ”གཏོད་ཆེད་རེད། ལོ་བཅུའི་རིང་། ཀྲུང་གོ་ཕྱོགས་ཀྱིས་མཉམ་སྐྲུན་རྒྱལ་ཁབ་ཁག་དང་མཉམ་དུ་ཚན་རྩལ་སྤེལ་རེས་དང་ཤེས་བྱ་མཉམ་སྤྱོད་མགྱོགས་སུ་བཏང་སྟེ་གསར་གཏོད་ཀྱི་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། གསར་གཏོད་ཀྱི་ཐོན་ཁུངས་གཅིག་ཏུ་བསྡུ་བ། ཚན་རྩལ་གསར་གཏོད་ཀྱི་མཉམ་ལས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱས་པས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཁུ་པའི་འགོ་ཁྲིད་རྒན་རབས་ཚོས་ཐུན་མོང་ཐོག་བཏོད་པའི་སྲོལ་རྒྱུན་མཛའ་གྲོགས་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་པ་དང་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ན་ནིང་ནས་བཟུང་། ཕྱོགས་གཉིས་པོས་སླར་ཡང་ལག་གདང་སྦྲེལ་ནས་ཀྲུང་གོ་དང་ཁུ་པའི་ལས་དབང་གཅིག་མཐུན་འདུས་གྲུབ་ཐུན་མོང་ཐོག་གཏོད་པར་ཐུན་མོང་གི་ངོས་འཛིན་གལ་ཆེན་གྲུབ་ཡོད། ངས་དུས་སྐབས་གསར་པའི་ནང་ཀྲུང་ཁུས་ཚན་རྩལ་ཚུད་པའི་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་ཆེ་བ་བསྐྲུན་པའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད།

    ཉིན་ཤས་གོང་། ཁུ་པའི་གྲགས་ཅན་ཚན་རིག་མཁས་ཅན་ཕེ་ཏེ་ལེ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་རང་གིས་སྣེ་ཁྲིད་པའི་ཚོགས་པས་ཀྲུང་གོར་ཀླད་པའི་ཚན་རིག་ཞིབ་འཇུག་དང་ཀྲུང་གོ་དང་ཁུ་པའི་དབང་རྩའི་ལག་རྩལ་མཉམ་ལས་ལ་སྐུལ་འདེད་བཏང་བའི་གྲུབ་འབྲས་ངོ་སྤྲོད་བྱས་པ་དང་འབྲེལ། མུ་མཐུད་ཀྲུང་གོ་དང་ཁུ་པའི་མཛའ་གྲོགས་ལ་སྐུལ་འདེད་བཏང་ནས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་གོ་ལ་ཧྲིལ་པོའི་དེ་བས་ཆེ་བའི་ཁྱབ་ཁོངས་ནང་དོན་འཁྱོལ་ཐུབ་པར་སྟོབས་ཤུགས་སྐྱེས་སུ་འབུལ་འདོད་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།