ཞི་ཅིན་ཕིང་གི《སྒོ་དབྱེ་བསྟུན་མཁས་དང་། མཉམ་འབྲེལ་མཉམ་མཐུད། ཐུན་མོང་འཕེལ་རྒྱས་བཅས་ཀྱི་འཛམ་གླིང་སྐྲུན་དགོས——“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་འགོ་ཚུགས་མཛད་སྒོའི་བཞེད་དོན་གཙོ་བོའི་གཏམ་བཤད》དེབ་རྐྱང་པ་དཔེ་སྐྲུན་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་31ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི《སྒོ་དབྱེ་བསྟུན་མཁས་དང་། མཉམ་སྦྲེལ་མཉམ་མཐུད། ཐུན་མོང་འཕེལ་རྒྱས་བཅས་ཀྱི་འཛམ་གླིང་སྐྲུན་དགོས——“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་འགོ་ཚུགས་མཛད་སྒོའི་བཞེད་དོན་གཙོ་བོའི་གཏམ་བཤད》དེབ་རྐྱང་པ་མི་དམངས་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་བྱས་ཤིང་། གོང་ཚེས་ཉིན་ནས་རྒྱལ་ཡོངས་ཀྱི་ཤིན་ཧྭ་དཔེ་ཚོང་ཁང་དུ་འགྲེམས་སྤེལ་བྱས་པ་རེད།