དབུ་ཤོག>གསར་འགྱུར།>དམངས་འཚོ།
  • དབང་པོ་སྐྱོན་ཅན་ཚང་མར་བཀྲག་མདངས་འཚེར་བའི་མི་ཚེ་སྐྱེལ་དུ་བཅུག་པ།

    ལོ་5ཡི་རིང་གི་རང་ལྗོངས་ཀྱི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-11-01

    དབང་པོ་སྐྱོན་ཅན་གྱི“ཁ་གསབ་གཉིས”བྱེད་དགོས་རིགས་ལ་ཁ་གསབ་གང་ཐུབ་བྱས་ནས་ཁྱོན་མ་དངུལ་སྒོར་དུང་ཕྱུར་9བཏང་སྟེ་མི་ཐེངས་ཁྲི་50ལྷག་ཙམ་ལ་ཁ་གསབ་སྤྲད་པ་དང་། བྱིས་པ་དང་ལོ་ཆུང་དབང་པོ་སྐྱོན་ཅན་3205གྲལ་སྡོད་མཉམ་སྦྱོང་དང་དབང་པོ་སྐྱོན་ཅན་2604ལ་ཁྱིམ་དུ་སློབ་ཁྲིད་བྱས་པས་འོས་འགན་སློབ་གསོའི་སློབ་ཞུགས་ཐུབ་ཚད་97%ཡན་བརྟན་པོ་བྱུང་བ། ལྗོངས་ཡོངས་སུ་དམིགས་བསལ་སློབ་གྲྭ་7བཙུགས་པར་སློབ་གྲྭར་ཡོད་མུས་ཀྱི་སློབ་མ་1057ཟིན་ནས་མི་རེར་ལོ་རེར“འགན་ལེན་གསུམ”གྱི་གྲོན་དངུལ་དང་སྤྱི་པའི་གྲོན་དངུལ་སྒོར་6000སྤྲོད་པ་ལ་སོགས། གྲངས་གཞི་རེ་རེ་དང་། དོན་དངོས་རེ་རེ། འགྱུར་ལྡོག་རེ་རེ་བཅས་ལས་རང་ལྗོངས་ཀྱི་ལོ་5ཡི་རིང་གི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བ་མཚོན་གྱི་ཡོད།

    ལོ་5ཡི་རིང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་འོག ལྗོངས་ཡོངས་ཀྱི་རིམ་ཁག་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་བློ་ཁོག་ཆེན་པོས་འགན་འཁྲི་འཁུར་བ་དང་འབད་འབུངས་མདུན་སྐྱོད་ཀྱིས་དབང་པོ་སྐྱོན་ཅན་ལ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་དུ་བཅུག་པ་སྟེ། སྒྱུར་བཅོས་གསར་གཏོད་ཀྱི་བྱེད་ཐབས་རེ་རེ་དང་དངོས་སྒྲུབ་དམངས་ཕན་གྱི་བྱ་སྤྱོད་རེ་རེར་བརྟེན་ནས་དབང་པོ་སྐྱོན་ཅན་ཚང་མར་བཀྲག་མདངས་འཚེར་བའི་མི་ཚེ་སྐྱེལ་དུ་བཅུག་ཡོད།

    དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་ཀྱི་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་བཏང་བ།

    ལོ་5ཡི་རིང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་དབང་པོ་སྐྱོན་ཅན་གྱི་ལས་དོན་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་དུ་བཅུག་པ་དང་། དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་རྣམ་གྲངས“དམངས་འཚོའི་འདུ་འགོད་ཆེན་པོ་བཅུའི”ནང་དུ་བཅུག་ནས། 《དུས་རབས་གསར་པའི་དབང་པོ་སྐྱོན་ཅན་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བརྡ་ཐོ》དང《བྱིས་པ་དབང་པོ་སྐྱོན་ཅན་གྱི་དྲག་སྐྱེད་རོགས་སྐྱོབ་ལམ་ལུགས་འཛུགས་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལག་བསྟར་བསམ་འཆར》སོགས་ཀྱི་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་སྔ་རྗེས་སུ་བཏོན་ཏེ། རང་ལྗོངས་ཀྱི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་ཀྱི་སྲིད་ཇུས་ཀྱི་འདེགས་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། བོད་ཀྱི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད།

    སྲིད་ཇུས་བྱེད་ཐབས་རབ་དང་རིམ་པའི་འདེགས་སྐྱོར་འོག་དབང་པོ་སྐྱོན་ཅན་གྱི་ཁེ་དབང་འགན་སྲུང་ལམ་ལུགས་ཆ་ཚང་ཞིག་གྲུབ་ནས། ལྗོངས་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་དང་། སྔོན་ནས་གཏན་ཁེལ་བའི་དམིགས་ཚད་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ། དབང་པོ་སྐྱོན་ཅན་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་འབྱོར་འབྲིང་ཕྱོགས་སུ་སྐྱོད་པ། དམངས་འཚོར་འགན་སྲུང་བརྟན་པོ་བྱུང་བ། འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ། མཉམ་སྤྱོད་ལ་འདྲ་མཉམ་ངང་ཞུགས་པའི་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ནས་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་དང་། མ་མཐའི་འཚོ་བ་འགན་ལེན་གྱི་ཆ་རྐྱེན་དང་འཚམ་པའི་དབང་པོ་སྐྱོན་ཅན་ལ་འགན་ལེན་བྱེད་དགོས་རིགས་འགན་ལེན་གང་ཐུབ་བྱས་པས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དབང་པོ་སྐྱོན་ཅན་གྱི་གཞི་རྩའི་རྒན་གསོའི་འགན་བཅོལ་དང་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཞུགས་ཚད་ཚང་མ་100%ཟིན་པ། དབང་པོ་སྐྱོན་ཅན་གྱི“ཁ་གསབ་གཉིས”བྱེད་དགོས་རིགས་ལ་ཁ་གསབ་གང་ཐུབ་བྱས་ནས། ཁྱོན་སྒོར་དུང་ཕྱུར་9བཏང་སྟེ་མི་ཐེངས་ཁྲི་50ལྷག་ཙམ་ལ་ཁ་གསབ་སྤྲད་པ་དང་། མི་ཐེངས་ཁྲི་1.3གྱིས་དབང་པོ་སྐྱོན་ཅན་གྱི་འཕྲུལ་སྒུལ་རྐུབ་སྟེགས་འཁོར་ལོའི་འཁོར་སྣུམ་ཁ་གསབ་ལོངས་སྤྱོད་ཐུབ་པ། དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་4700གྲོང་གསེབ་ཀྱི་བཀོལ་སྤྱོད་ལག་རྩལ་གྱི་གསོ་སྦྱོང་ལ་ཞུགས་པ། མི་ཐེངས་5000ལ“ཉི་འོད་ཁྱིམ་གཞིས”ཀྱི་ཁ་གསབ་ལོངས་སུ་སྤྱོད་པ། མི་ཐེངས་4990ལ་དབང་པོ་སྐྱོན་ཅན་གྱི་ལག་ཁྱེར་གཉེར་བའི་ཁ་གསབ་ལོངས་སྤྱོད་ཐུབ་ནས་དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་དྲ་བ་སྔར་བས་ཚགས་དམ་དུ་ཕྱིན་ཡོད། རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་བཅོལ་གསོ་ལྟེ་གནས་གཉེར་སྐྱོང་བྱེད་འགོ་ཚུགས་ཏེ་2022ལོར་དྭ་ཕྲུག་དབང་པོ་སྐྱོན་ཅན་གཞི་གཅིག་དང་། དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གཞི་གཅིག རྒན་རྒོན་གྱིས་དབང་པོ་སྐྱོན་ཅན་གསོ་ཉར། ཁྱིམ་ཚང་གཅིག་ཏུ་དབང་པོ་སྐྱོན་ཅན་མང་བ་བཅས་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་36ཐོག་མར་གཅིག་སྡུད་གསོ་ཉར་བྱས་ཡོད།

    དབང་པོ་སྐྱོན་ཅན་གྱི་རང་ངོས་འཕེལ་རྒྱས་ནུས་པ་རྒྱུན་མཐུད་ཆེ་རུ་བཏང་བ།

    2020ལོའི་ཟླ་8ཚེས་4ཉིན། རང་ལྗོངས་ཀྱི་དབང་པོ་སྐྱོན་ཅན་ལས་ཞུགས་ལས་གཏོད་གླིང་ཐོག་མ་གཉེར་ནས་ལོ་3ཕྱིན་རིང་། ལས་གཏོད་གླིང་དེར་ཁེ་ལས་25དང་དབང་པོ་སྐྱོན་ཅན་གྱི་ལས་གཏོད་ཚོགས་པ་11བཙུགས་ནས་དབང་པོ་སྐྱོན་ཅན་300ལྷག་ཙམ་ལ་ལས་ཞུགས་ལས་གཏོད་ཀྱི་ལས་སྟེགས་སྤྲད་པ་རེད།

    དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་གཏོད་བརྟན་གཏོང་ལས་དོན་ཡག་པོ་བསྒྲུབ་ཆེད། དབང་པོ་སྐྱོན་ཅན་གྱི་རང་ངོས་འཕེལ་རྒྱས་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཞིང་། རང་ལྗོངས་ཀྱིས་དབང་པོ་སྐྱོན་ཅན་བསྡུར་ཚད་ལྟར་ལས་ཞུགས་དང་། རང་བརྟེན་ལས་གཏོད། དབང་པོ་སྐྱོན་ཅན་གྱི་ལས་ཞུགས་འགན་སྲུང་མ་དངུལ་བསྡུ་ལེན་དོ་དམ་བེད་སྤྱོད། ལས་རིགས་གསོ་སྦྱོང་། བསྡུར་ཚད་ལས་བརྒལ་ནས་དབང་པོ་སྐྱོན་ཅན་ལས་ཞུགས་བྱས་པའི་བྱ་དགའ་སོགས་ཆེད་དོན་སྲིད་ཇུས་བཟོས་པ་བརྒྱུད། དབང་པོ་སྐྱོན་ཅན་ལ་ལས་ཞུགས་དྲིལ་བསྒྲགས་བྱས་པ་མ་ཟད། ད་དུང་ལས་ཞུགས་རོགས་སྐྱོར་ཟླ་བ་དང་ལས་ཞུགས་དྲིལ་བསྒྲགས་ལོ་སོགས་ཆེད་དོན་བྱེད་སྒོ་སྤེལ་ཏེ། ཕྱོགས་ཡོངས་དང་ཐབས་ལམ་མང་པོ་ནས་དབང་པོ་སྐྱོན་ཅན་ལ་ལས་ཞུགས་ལས་གཏོད་ཀྱི་སྒོ་མོ་ཕྱེ་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ལོ་5ཡི་རིང་། དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་གཏོད་གསོ་སྦྱོང་མི་ཐེངས་7476བྱས་པ་དང་། 2020ནས་2022ལོའི་བར་སོ་སོར་དབང་པོ་སྐྱོན་ཅན་358དང་། 424 521བཅས་ལས་ཞུགས་གསར་པ་ཐུབ་སྟེ། ལས་ཞུགས་འཕར་ཚད་ཆ་སྙོམས་ལོ་རེར་10%ཡན་རྒྱུན་འཁྱོངས་ཐུབ་པ་དང་། ཏང་སྲིད་ལས་ཁུངས་དང་། བྱ་གཞག་ཚན་པ། གཞུང་ཁོངས་ཁེ་ལས་བཅས་ཀྱིས་སྣེ་ཁྲིད་དེ་བསྡུར་ཚད་ལྟར་དབང་པོ་སྐྱོན་ཅན་711ལས་ཞུགས་ཐུབ་ཡོད། མིག་སྔར། ལྗོངས་ཡོངས་ཀྱི་ལོ་16ནས་ལོ་59བར་གྱི་ལས་ཞུགས་ན་ཚོད་ཀྱི་ལག་ཁྱེར་ཡོད་པའི་དབང་པོ་སྐྱོན་ཅན་19184ལས་ཞུགས་ཐུབ་ནས་ལས་ཞུགས་ཐུབ་ཚད་68.16%ཟིན་པ་དང་། “སློབ་ཐོན་སློབ་མ་རེར་ཐབས་ཇུས་རེའི”ལས་ཞུགས་རོགས་སྐྱོར་སྲིད་ཇུས་ལག་བསྟར་བྱས་པས་དབང་པོ་སྐྱོན་ཅན་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་80%ཟིན་ཡོད། 2021ལོ་ནས་བཟུང་། རང་ལྗོངས་སུ་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་འགན་སྲུང་དངུལ་བསྡུ་བ་ཁྱོན་ཡོངས་ནས་སླར་གསོ་བྱས་ཏེ་ཁྱོན་སྒོར་དུང་ཕྱུར་10ཙམ་བསྡུས་པ་དེ་དག་གིས་དབང་པོ་སྐྱོན་ཅན་62592ཀྱི་ལས་ཞུགས་ལ་རོགས་རམ་བྱས་པ་རེད།

    དབང་པོ་སྐྱོན་ཅན་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ།

    ལོ་5ཡི་རིང་། རང་ལྗོངས་ཀྱི་དབང་པོ་སྐྱོན་ཅན་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས་དབང་པོ་སྐྱོན་ཅན་ལ་ཁྱིམ་ནས་དོན་ཏེ་སྤྱི་ཚོགས་དང་མཉམ་འདྲེས་བྱེད་པའི་སྐུལ་ལྕག་བྱ་ཆེད། རང་ལྗོངས་ཀྱིས་ནོར་སྲིད་གཏོང་ཆ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་རོགས་སྐྱོར་སྲིད་ཇུས་ནུས་ལྡན་བཏོན་ནས་རྨང་གཞིའི་ལས་དོན་ཡག་པོ་བསྒྲུབས་པས། དབང་པོ་སྐྱོན་ཅན་གྱི་དམངས་འཚོ་འགན་སྲུང་དང་། གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད། དབང་པོ་སྐྱོན་ཅན་གྱི་ཡོང་འབབ་མང་དུ་ཕྱིན་པ་མ་ཟད། ད་དུང་དབང་པོ་སྐྱོན་ཅན་གྱི་བསམ་པའི་རིག་གནས་འཚོ་བ་ཡང་ཉིན་བཞིན་ཕུན་སུམ་ཚོགས་སུ་ཕྱིན་ཡོད་པ་རེད།

    དབང་པོ་སྐྱོན་ཅན་གྱི་དྲག་སྐྱེད་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་བྱིས་པ་དབང་པོ་སྐྱོན་ཅན་དྲག་སྐྱེད་རོགས་སྐྱོབ་ལམ་ལུགས་བཟོས་ནས། དབང་པོ་སྐྱོན་ཅན་མི་ཐེངས་ཁྲི་5.7ལ་གནད་སྨིན་དྲག་སྐྱེད་རམ་འདེགས་དང་དབང་པོ་སྐྱོན་ཅན་མི་ཐེངས་ཁྲི་4.6ལ་གཞོགས་འདེགས་ཡོ་ཆས་གང་འཚམ་བཀོད་སྒྲིག་བྱེད་པའི་ཞབས་འདེགས་ཞུས་པས། དགོས་མཁོ་ཡོད་པའི་ལག་ཁྱེར་ཡོད་མཁན་དབང་པོ་སྐྱོན་ཅན་ལ་གཞི་རྩའི་དྲག་སྐྱེད་ཞབས་འདེགས་ཁྱབ་ཚད་90.21%དང་རམ་འདེགས་ཡོ་ཆས་གང་འཚམ་བཀོད་སྒྲིག་བྱེད་ཚད་92.25%ཟིན་ཡོད། དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་སྨན་པའི་གན་རྒྱ“འཇོག་དགོས་རིགས་ཚང་མ་འཇོག་པར”སྐུལ་འདེད་བཏང་བས། དབང་པོ་སྐྱོན་ཅན“ཚང་མས་དྲག་སྐྱེད་ཞབས་འདེགས་ལོངས་སུ་སྤྱོད་པའི”དམིགས་ཚད་སྤྱིའི་ཆ་ནས་མངོན་འགྱུར་བྱུང་ཡོད།

    དབང་པོ་སྐྱོན་ཅན་གྱི་སློབ་གསོ་ཀུན་ཕན་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས། བྱིས་པ་དང་ལོ་ཆུང་དབང་པོ་སྐྱོན་ཅན་3205གྲལ་སྡོད་མཉམ་སྦྱོང་ཐུབ་པ་དང་དབང་པོ་སྐྱོན་ཅན་2604ལ་ཁྱིམ་དུ་སློབ་ཁྲིད་ཐུབ་ནས། འོས་འགན་སློབ་གསོའི་སློབ་ཞུགས་ཐུབ་ཚད་97%ཡན་བརྟན་པོ་བྱུང་ཡོད། ལྗོངས་ཡོངས་སུ་དམིགས་བསལ་སློབ་གྲྭ་7བཙུགས་པར་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་1057ཡོད་པ་རེ་རེར་ལོ་རེར“འགན་ལེན་གསུམ”གྱི་གྲོན་དངུལ་དང་སྤྱི་པའི་གྲོན་དངུལ་སྒོར་6000སྤྲོད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།