དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བཅོལ་གསོ་ལྟེ་གནས་ཀྱིས་མི་སེམས་དྲོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-11-01

    རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་བཅོལ་གསོ་ཞབས་ཞུ་ལྟེ་གནས་ནི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་དུ་གནས་པ་དང་། དེ་ནི་རང་ལྗོངས་ཀྱིས་ཆེད་མངགས་དབང་པོ་སྐྱོན་ཅན་ལ་ཁ་ཕྱོགས་པའི་བཅོལ་གསོ་ཞབས་འདེགས་ལས་ཁུངས་ཤིག་རེད། ལྟེ་གནས་དེས་ཆུ་ཚོད་24ཡི་ཉིན་གང་ལམ་ལུགས་ཀྱི་ཞག་སྡོད་ཐབས་ལམ་སྤྱད་དེ་བཅོལ་གསོ་བྱ་ཡུལ་ལ་འཚོ་བའི་ལྟ་རྟོག་དང་། རྒྱུན་གཏན་གྱི་ནད་སྐྱོང་། འཚོ་བའི་རྩལ་ནུས་སྦྱོང་བརྡར། ལས་རིགས་བདེ་ཐང་སླར་གསོ། ཟུར་ཁྲིད་རྣམ་པའི་ལས་ཞུགས། རིག་གནས་ལུས་རྩལ། སེམས་ཁམས་གསེད་བཀྲོལ་སོགས་ཀྱི་ཞབས་འདེགས་ཞུས་ཏེ་དབང་པོ་སྐྱོན་ཅན་ལ་བདེ་སྐྱིད་སྐྲུན་བཞིན་ཡོད། འདི་ནི་དབང་པོ་སྐྱོན་ཅན་གྱིས་བཅོལ་གསོ་ཞབས་འདེགས་ལྟེ་གནས་སུ་འཚོ་བར་རོལ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།