དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ནག་ཆུ་གྲོང་ཁྱེར་སོག་རྫོང་གིས་རྒྱལ་ཡོངས་ཀྱི་དབང་སྐྱོན་སྔོན་འགོག་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཐེངས་བདུན་པ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-11-01

    འདི་ནི་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་ལས་ཞུགས་ཞབས་འདེགས་ལྟེ་གནས་སུ་དབང་པོ་སྐྱོན་ཅན་གྱིས་ཚེམ་བུ་སྦྱོང་བཞིན་པ།

     དབང་སྐྱོན་སྔོན་འགོག་དྲིལ་བསྒྲགས་སློབ་གསོའི་ལས་དོན་ཡག་པོ་བསྒྲུབས་ནས་རྫོང་ཡོངས་ཀྱི་དབང་སྐྱོན་སྔོན་འགོག་འདུ་ཤེས་ཟབ་པོ་དང་ནུས་པ་ཆེ་རུ་གཏོང་ཆེད། ཉེ་དུས་ནག་ཆུ་གྲོང་ཁྱེར་སོག་རྫོང་དམངས་སྲིད་ཅུས་ཀྱིས་རྫོང་སྤྱི་བདེ་ཅུས་དང་། རྫོང་འཕྲལ་སྡོམ་དོ་དམ་ཅུས། རྫོང་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་སོགས་ཚན་པ་དང་མཉམ་དུ“ལྷན་སྐྱེས་དབང་སྐྱོན་སྔོན་འགོག་བྱས་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་སྲུང”བ་བརྗོད་དོན་གཙོ་བོར་བྱས་པའི་རྒྱལ་ཡོངས་ཀྱི་དབང་སྐྱོན་སྔོན་འགོག་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཐེངས་བདུན་པ་སྤེལ་བ་རེད།

    བསྡོམས་རྩིས་བྱས་པར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར་དྲིལ་བསྒྲགས་ལག་དེབ་300ལྷག་ཙམ་དང་། པང་རས། མིག་ཤུབས། གཙང་ཤོག་སོགས་དངོས་རྫས་རིགས་104སྤྲད་པ་རེད། བྱེད་སྒོ་སྤེལ་བ་བརྒྱུད་མང་ཚོགས་ཀྱི་དབང་སྐྱོན་སྔོན་འགོག་གི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་པ་དང་། མང་ཚོགས་ཀྱི་དབང་སྐྱོན་སྔོན་འགོག་དང་བདེ་ཐང་སླར་གསོའི་ངོས་འཛིན་ཟབ་ཏུ་ཕྱིན་ནས། དབང་སྐྱོན་སྔོན་འགོག་གི་རྣམ་པ་བཟང་པོ་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།