དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་གི་དགོན་སྡེ་དོ་དམ་ཨུ་ལྷན་ཁག་གིས་བྱེད་ཐབས་གསར་གཏོད་བྱས་ནས་སློབ་རོགས་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-01

    འདི་ལོ་ནས་བཟུང་ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་གི་དགོན་སྡེ་དོ་དམ་ཨུ་ལྷན་ཁག་གིས་བྱེད་ཐབས་མང་པོ་དང་། རྣམ་པ་མང་པོ། རིམ་པ་མང་པོ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་བཏང་སྟེ“འདུ་ཤེས་གསུམ”གྱི་མང་ཚོགས་རང་བཞིན་གྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བར་རམ་འདེགས་བྱས་ཡོད།

    རྫོང་ཡོངས་ཀྱིས་དགོན་སྡེ་དོ་དམ་ཨུ་ལྷན་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་དང་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ཏེ་ལས་སྒོའི་གསོ་སྦྱོང་བྱས་པ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་བསླབ་གཞི་སྤྲོད་པ། ལས་ཀའི་བྱེད་ཐབས་དང་བརྒྱུད་རིམ་ལ་གསལ་འགྲེལ་ནན་ཏན་བྱས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱེད་པར་ཞུགས་ཚད་ལ་འགན་ལེན་ཧུར་ཐག་བྱས་ཡོད། བླ་འབྲིང་དགོན་སྡེ་དོ་དམ་ཨུ་ལྷན་གྱིས“གཅིག་གཏད་གཅིག་དང་མང་གཏད་གཅིག”གི་རྣམ་པར་བརྟེན་ནས་དྲི་བར་ལན་རྒྱག་པ་དང་། དཔོད་བྲིས་གཏོང་བ། སྤེལ་རེས་གླེང་མོལ་སོགས་ཀྱི་སློབ་ཁྲིད་བྱེད་སྟངས་ལ་བརྟེན་ནས་དགེ་འདུན་པ་ཚོར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་རྨང་གཞིའི་རང་བཞིན་གྱི་ཀློག་སྟངས་དང་རྒྱུན་དུ་ཤོད་པའི་སྐད་ཆ་སྦྱོང་དུ་བཅུག་ཡོད། རི་མགོ་ཆོས་སྡེ་དགོན་སྡེ་དོ་དམ་ཨུ་ལྷན་གྱིས་དྲ་ཐོག་དང་དྲ་ཕྱིའི་སློབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ཅིང་། དྲ་ཐོག་ཏུ་སྐད་འཕྲིན་གྱི་ཞོགས་པའི་ལྟ་ཀློག་བྱེད་ཐབས་སྤྱད་ནས་ཉིན་ལྟར་སྐད་འཕྲིན་གྲོགས་ཚོགས་སུ་སློབ་སྦྱོང་གི་ནང་དོན་བརྒྱུད་བསྐུར་བྱེད་པ་དང་། དྲ་ཕྱིར་དགེ་འདུན་པ་རྣམས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་གཏམ་རྒྱུད་བཤད་ནས་སློབ་སྦྱོང་གི་སྤྲོ་སྣང་འཕེལ་བར་བྱས་ཏེ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་ལ་སྐུལ་འདེད་བཏང་ཡོད། དགའ་ལྡན་རྣམ་རྒྱལ་དགོན་སྡེ་དོ་དམ་ཨུ་ལྷན་གྱིས་དགེ་འདུན་པ་ཚོའི་རྨང་གཞིའི་རིག་གནས་ཆུ་ཚད་ཀྱི་ཧེ་བག་ལ་དམིགས་ནས“ཤུགས་སྣོན་འཛིན་གྲྭ”དང“རྨང་གཞིའི་འཛིན་གྲྭ”བཙུགས་ཏེ་གཅིག་སྡུད་ཐོག་སློབ་ཁྲིད་བྱས་ནས་དགེ་འདུན་པ་ཚོའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ཆུ་ཚད་མཐོ་རུ་བཏང་ཡོད། མིག་སྔའི་བར་དགོན་སྡེ་དོ་དམ་ཨུ་ལྷན་ཁག་གིས་སློབ་རོགས་བྱེད་སྒོ་ཐེངས་70ལྷག་ཙམ་སྤེལ་བར་སློབ་གསོ་ཐོབ་མཁན་དགེ་འདུན་པ་མི་ཐེངས་360ལྷག་ཙམ་ཟིན་ཡོད།

    དགེ་འདུན་པ་ཚོའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་གི་རང་འགུལ་སེམས་པ་སྐུལ་སློང་བྱ་ཆེད། ཆུ་གསུམ་རྫོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་13པེ་ཅིང་དང་ཁྲེང་ཏུའུ་ཡི་ས་ཚིགས་9ལ་བོད་ས་གནས་དང་མེས་རྒྱལ་གྱི་འབྲེལ་བའི་ལོ་རྒྱུས་ལ་ལྟ་སྐོར་སྤེལ་རེས་ཀྱི་བྱེད་སྒོར་ཞུགས་སུ་བཅུག་པ་དང་། དགོན་སྡེ་དོ་དམ་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་གཙོ་བོ་དང་དགོན་པའི་ལས་སྣེ་སྒྲིག་འཛུགས་བྱས་ནས་གྲ་ནང་དང་། སྣེ་གདོང་། འཕྱོངས་རྒྱས། ཟངས་རི། རྒྱ་ཚ་སོགས་རྫོང(ཆུས)དུ“འདུ་ཤེས་གསུམ”གྱི་མང་ཚོགས་རང་བཞིན་གྱི་དྲིལ་བསྒྲགས་སློབ་གསོ་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བའི་ཉམས་མྱོང་དང་བྱེད་ཐབས་བཟང་པོ་སློབ་སྦྱོང་བྱེད་པར་མངགས་ཡོད། མིག་སྔའི་བར་ལྟ་སྐོར་སློབ་སྦྱོང་གི་བྱེད་སྒོ་ཐེངས་3སྤེལ་བར་དགེ་འདུན་པ་མི་ཐེངས་26ཞུགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།