དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གནད་དོན་ལ་དམིགས་ཏེ་འགག་སྒྲོལ་བྱེད་པ་དང་དཀའ་གནད་འཕྲད་ཚེ་སེལ་བར་བརྩོན་པ།

    —— ལྷོ་ཁ་གྲོང་ཁྱེར་གྱིས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པར་སྤུས་ཚད་མཐོ་པོས་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-01

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཁག་དང་པོའི་ཕྱོགས་སྡོམ་དང་ཁག་གཉིས་པའི་བཀོད་སྒྲིག་ཚོགས་འདུ་འཚོགས་ཚུན། ལྷོ་ཁ་གྲོང་ཁྱེར་གྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས“དགོངས་པ་སློབ་སྦྱོང་དང་། ཏང་གཤིས་བརྟན་གཏོང་། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་འཇོག”བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ། “དོན་ཆེན་བཞི”དང“འགན་ལེན་བཞི”ལ་དམིགས་པ་དང“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞི”དང་ལྷོ་ཁ་གྲོང་ཁྱེར་གྱི“ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དྲུག”ལ་ཤུགས་རྒྱག་པའི་ཐད་ཇུས་འགོད་ཞིབ་ཚགས་བྱས་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་པ་མཐའ་འཁྱོངས་དང་། གཙོ་འགན་གཙོ་ལས་མངོན་གསལ་དོད་པོ་ཡོང་བ། ལས་དོན་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་དམ་པ་དོན་གཉེར་གྱི་བྱེད་ཐབས་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྐུལ་འདེད་བཏང་ཡོད།

    ཆབ་སྲིད་ཐད་ལྷག་བསམ་རྣམ་དག་དང་ཆབ་སྲིད་ཀྱི་གཤིས་རྒྱུད་ཞུན་བརྡར་བྱེད་པ།

    གྲོང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དེ་ཆབ་སྲིད་ཀྱི་དོན་དག་གལ་ཆེན་དང་། ཆབ་སྲིད་ཀྱི་ལས་འགན། ཆབ་སྲིད་ཀྱི་སྒྲིག་ཁྲིམས་བཅས་ལ་བརྩི་རྒྱུ་མཐའ་འཁྱོངས་དང“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞི”དང“ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དྲུག”ལ་དམ་པོར་དམིགས་པ། སྤྱི་ཡོངས་སྟངས་འཛིན་དང་ཕྱོགས་ཁག་མཐུན་སྦྱོར་གྱི་ཏང་གི་འགོ་ཁྲིད་ཀྱི་སྒྲིག་སྲོལ་ལམ་སྲོལ་ལག་ལེན་མཐའ་གཅིག་ཏུ་བསྟར་བ། དམངས་གཙོ་གཅིག་སྡུད་ལམ་ལུགས་དང་གལ་ཆེའི་དོན་གནད་དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་ལག་ལེན་ནན་པོ་བསྟར་བ་ལྟ་སྐུལ་སྒྲུབ་གཉེར་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཁ་ཕྱོགས་སྟངས་འཛིན་དང་། སྤྱི་ཡོངས་དོ་དམ། ཐབས་ཇུས་འགོད་པ། དོན་འཁྱོལ་འགན་ལེན་བཅས་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ནས། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པར་བརྟེན་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ལ་ཞིབ་དཔྱད་བྱས་ཡོད།

    གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡིས་བརྗོད་དོན་གཙོ་བོའི་སློབ་གསོ་དང་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་གཞི་རིམ་དུ་གསོན་ཉམས་དོད་པོས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ཏེ“བཞི་ལྡན་ལས་ཁུངས”འཛུགས་པར་ཤུགས་སྣོན་རྒྱག་པ་དང“གཙོ་གནད་གཅིག་དང་འཆར་གཞི་བཞིའི”ལས་འགན་ཁག་དོན་འཁྱོལ་ནན་ཏན་བྱས་ནས། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁག་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་སུ་མདུན་སྐྱོད་ཐུབ་པའི་འགན་ལེན་བྱས་ཡོད།

    སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་བཏང་བ།

    གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའུ་ཡིས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཞིབ་ཕྲའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། གཙོ་གནད་ལ་དམ་འཛིན་གྱིས་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། རྣམ་གྲངས་ལ་དམ་འཛིན་གྱིས་མ་འཇོག་ལ་སྐུལ་འདེད་གཏོང་བ། ཚོང་འགུགས་ལ་དམ་འཛིན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཐོན་ལས་ལ་དམ་འཛིན་གྱིས་རྨང་གཞི་བརྟན་དུ་གཏོང་བ། སྒྱུར་བཅོས་ལ་དམ་འཛིན་གྱིས་ལེགས་གཏོང་ལ་སྐུལ་འདེད་གཏོང་བ། མཐའ་མཚམས་སྟོབས་ཆེར་གཏོང་བར་དམ་འཛིན་གྱིས་བདེ་འཇགས་འགན་ལེན་བྱེད་པ། བྱ་བ་དངོས་བསྒྲུབས་ནས་དམངས་ཀྱི་སེམས་ཁྲལ་སེལ་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་འབྲས་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ལ་ཞིབ་དཔྱད་བཅས་བྱས་ཡོད། དེ་དང་ཆབས་ཅིག་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱིས“རྒྱུ་རྐྱེན་གཙོ་བོ་རྣམ་གྲངས་དང་བསྟུན”པའི་བླང་བྱ་ལྟར་གོང་དཀར་གནམ་ཐང་གི་རྒྱུག་ལམ་གཉིས་པ་དང་S5ལྷ་ས་ནས་ལྷོ་ཁའི་བར་གྱི་མྱུར་བགྲོད་གཞུང་ལམ་སོགས་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས། ནུས་ཤུགས་ཡོད་རྒུས་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་བསྐྲུན་པ་རེད།

    གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོར་བརྟེན་ནས་གཞི་རིམ་བཅོས་སྐྱོང་གི“སྒུལ་ནུས་གསར་པ”འཕེལ་རྒྱུ་མཐའ་འཁྱོངས་བྱས་ཡོད། གྲོང་ཨུད་རྩ་འཛུགས་པུས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པར་གྲུབ་འབྲས་ཐོབ་པའི་ཉམས་མྱོང་གཏིང་ཟབ་ཏུ་བཏང་ནས“ཁྲོམ་གཞུང་ལས་དོན་ཨུ་ལྷན་དང་། སྡེ་ཁུལ་གྱི་ཏང་ཨུད་ཆེ་མོ། དྲ་མིག་གི་ཏང་ཀྲི་པུའུ། ཐོག་ཁང་ཏང་ཚོགས་ཆུང་། ཏང་ཡོན་གྱི་ལྟེ་བའི་དུད་ཚང(གཉིས་ལྡན་དུད་སྦྲེལ)བཅས་ཀྱི་འཁོར་སྦྲེལ་བཙུགས་ཏེ་ཏང་འཛུགས་སྐྱོང་གི“ཁེར་ཆཌ་གླིང་ཕྲན”མེད་པར་བཟོས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་དཀའ་གནད་བསལ་ཡོད།

    དམངས་འཚོའི་བདེ་རྩ་ཆེ་རུ་བཏང་ནས་སྐྱེ་ཁམས་ཀྱི་མཐའ་ཚད་བརྟན་པོ་བསྲུང་བ།

    གྲོང་ཁྱེར་ཆུ་བེད་ཅུས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་དེ་ཤར་པ་ཆུ་མཛོད་དང་། ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭ ཞིང་འབྲོག་ཁུལ་གྱི་འཐུང་ཆུའི་སྤུས་ཚད་བདེ་འཇགས་བཅས་ལ་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བྱས་ནས། དེང་རབས་ཅན་གྱི་ལྷོ་ཁ་འཛུགས་སྐྲུན་ལ་ཆུ་བེད་ཀྱི་འདེཌ་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད། གྲོང་ཁྱེར་དང་གྲོང་གསེབ་དར་རྒྱས་ཅུས་ཀྱིས་དབུལ་སྒྲོལ་མི་འབོར་གྱི་འབབ་འཕར་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ནས་འཛད་སྤྱོད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་དབུལ་སྒྲོལ་མི་འབོར་གྱི་ཡོང་འབབ་འཕར་ཚད་དེ་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་འཕར་ཚད་ལས་མཐོ་བ་ཡོང་བའི་འགན་ལེན་བྱས་ཡོད། གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་སྐྱེ་ཁམས་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་བསྲུངས་ནས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ནུས་ཤུགས་ཡོད་རྒུས་བཏོད་ཡོད།

    གྲ་ནང་རྫོང་གིས་ནགས་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ་རང་བྱུང་ནགས་ཚལ་སྲུང་སྐྱོང་དང་། སྐྱེ་ཁམས་སྤྱི་ཕན་ནགས་ཚལ་འདེབས་སྐྱོང་། ཡར་ཀླུང་གཙང་པོའི་གྲ་ནང་རྒྱུག་ཁུལ་ཐང་རྒོད་ཅན་འགོག་བཅོས་སོགས་ཀྱི་ལས་གྲྭ་ལག་བསྟར་བྱས་ནས་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི“ལེ་དབར་བརྒྱ་ཡི་སྐྱེ་ཁམས་བར་ཁྱམས”གཏོད་རོགས་བྱས་ཡོད།

    དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་དང་མཐའ་བརྟན་མཐའ་དར་གལ་ཆེ་མཉམ་འཛིན་བྱས་པ།

    མཐའ་མཚམས་ས་ཁུལ་ནི་རྒྱལ་ཁབ་བདེ་འཇགས་སྲུང་བཅད་ཀྱི་འགོག་སྲུང་འཛིང་རགས་དང་པོ་དེ་ཡིན་པ་དང་། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་མཐའ་མཚམས་ས་ཁུལ་ལ་མ་འཇོག་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་ཀྱི་བདེ་འཇགས་འགན་ལེན་བྱས་ཡོད།

    ལྷུན་རྩེ་རྫོང་གིས་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་གི་བྱ་སྤྱོད་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས་མི་རིགས་ཁག་གི་མང་ཚོགས་མཐའ་མཚམས་སུ་གཞིས་ཆགས་པ་དང་། རྒྱལ་ཁབ་ཀྱི་ས་ཆ་སྲུང་བ། ཕ་ཡུལ་འཛུགས་སྐྲུན་བཅས་བྱེད་པར་སྐུལ་ལྕག་བྱས་ཏེ“ཏང་གི་འོད་ཟེར་མཐའ་མཚམས་ཕྱོགས་སུ་འཕྲོ། མཐའ་མཚམས་མི་དམངས་ཀྱི་སེམས་པ་ཏང་ལ་ཕྱོགས་པའི”གསོན་ཉམས་དོད་པའི་ལེའུ་བརྩམས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།