དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཞིས་རྩེ་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཀྱིས“དྲ་སྦྲེལ་དང་ཁྲིམས་སྒྱུར”ཟུང་འབྲེལ་མ་ལག་བཀོལ་སྤྱོད་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-01

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཀྱིས་ལས་བྱེད་ལས་བཟོ་སྒྲིག་འཛུགས་བྱས་ནས“དྲ་སྦྲེལ་དང་ཁྲིམས་སྒྱུར”ཟུང་འབྲེལ་མ་ལག་གི་རིགས་པའི་གཞུང་ལུགས་དང་དངོས་སུ་བཀོལ་སྤྱོད་བྱེད་པའི་གསོ་སྦྱོང་བྱས་ཡོད། དེའི་དམིགས་ཡུལ་ནི་མ་ལག་ཕྱོགས་ཡོངས་ནས་དམིགས་སར་དོན་འཁྱོལ་བྱེད་པ་དང་། ཁྲིམས་སྒྱུར་གོ་རིམ་ཚད་ལྡན་དུ་གཏོང་བ། ཁྲིམས་སྒྱུར་རིག་ནུས་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད་རེད།

    ངོ་སྤྲོད་བྱས་པར་གཞིཌ་ན། གསོ་སྦྱོང་ཐོག་ལག་ཐོཌ་ཁ་པར་གྱི་དུད་སྣེའི་གྱོད་གཞི་སྒྲུབ་གཉེར་གྱི་བརྒྱུད་རིམ་འགྲེལ་བཤད་བརྒྱབ་ཅིང་། དེའི་ནང་ཁྲིམས་སྒྱུར་ཞིབ་བཤེར་གྱི་འཆར་གཞི་འདིང་བ་དང་། ས་ཡུལ་དངོས་སུ་ཞིབ་བཤེར། སྲིད་འཛིན་ཆད་གཅོད་སོགས་ཀྱི་ནང་དོན་ཚུད་པ་མ་ཟད། འབྲེལ་ཡོད་གནད་དོན་སྤེལ་རེས་བྱས་པ་རེད། ས་ཡུལ་དངོས་ཀྱི་མཛུབ་ཁྲིད་ཁྲིམས་སྒྱུར་མི་སྣས་ཁྲིམས་སྒྱུར་ལས་སྟེཌ་དུས་མཉམ་དུ་སྤྱད་དེ་གྱོད་སྒྲུབ་བྱེད་སྟངས་བསླབ་པ་རེད། གསོ་སྦྱོང་བརྒྱུད་གསོ་སྦྱོང་ནང་ཞུགས་མཁན་ཁག་གིས“དྲ་སྦྲེལ་དང་ཁྲིམས་སྒྱུར”ཟུང་འབྲེལ་མ་ལག་བཀོལ་སྤྱོད་ཀྱི་གལ་ཆེའི་རང་བཞིན་ལ་སྔར་བས་ངོས་འཛིན་ཐུབ་པ་དང་བཀོལ་སྤྱོད་བྱེད་ནུས་ཆེ་རུ་ཕྱིན་ཡོད། གོམ་སྟབས་རྗེས་མར་ཅུས་དེས་གྲོང་ཁྱེར་ཡོངས་ཀྱི་འཕྲལ་སྡོམ་དོ་དམ་ཁྱབ་ཁོངས་སུ“དྲ་སྦྲེལ་དང་ཁྲིམས་སྒྱུར”ཟུང་དུ་འབྲེལ་བའི་མ་ལག་གང་མགྱོཌ་སྤྱད་དེ་འཕྲལ་སྡོམ་དོ་དམ་གྱི་སྲིད་འཛིན་ཁྲིམས་སྒྱུར་ཚད་ལྡན་ཅན་དང་། རིག་ནུས་ཅན། གནད་སྨིན་ཅན་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།