མཚོ་སྨད་རྫོང་གིས་ཚོང་འགུཌ་མ་འདྲེན་གྱི་ངོ་སྦྱོར་ཚོཌ་འདུའི་ཐོག་རྣམ་གྲངས་5ལ་གན་རྒྱ་བཞག་པ།
ཉེ་ཆར། མཚོ་སྨད་རྫོང་གི་ཚོང་འགུགས་མ་འདྲེན་གྱི་ངོ་སྦྱོར་ཚོགས་འདུ་དང་གཅིག་སྡུད་གན་འཇོག་མཛད་སྒོ་ཨན་ཧུའེ་ཞིང་ཆེན་སུའུ་ཀྲོའུ་གྲོང་ཁྱེར་དུ་སྤེལ་བ་རེད། པེ་ཅིང་དང་། ཧྲང་ཧའེ། ཅང་སུའུ། དེ་བཞིན་སུའུ་ཀྲོའུ་བཅས་ཀྱི་ས་གནས་དེ་གའི་ཁེ་ལས་དང་ཚོང་ཚོགས་61ངོ་སྦྱོར་ཚོགས་འདུར་ཞུགས་ཡོད།
གན་འཇོག་མཛད་སྒོར། མཚོ་སྨད་རྫོང་མི་དམངས་སྲིད་གཞུང་གིས་སུའུ་ཀྲོའུ་གྲོང་ཁྱེར་ཚའོ་ཡོན་འབྲོག་ལས་མ་རྐང་ཚད་ཡོད་ཀུང་སི་དང་། ཨན་ཧུའེ་ཧུང་ཧྲུའེ་འབྲོག་ལས་ཚད་ཡོད་ཀུང་སི། ཧོ་ཧྥེ་ཡིའུ་ཧྲུའེ་འཕྲུལ་གློག་སྒྲིག་ཆས་ཚད་ཡོད་ཀུང་སི། པེ་ཅིང་ཀྲུང་དབྱི་ཡུན་ཚན་རྩལ་ཚད་ཡོད་ཀུང་སི། ཨན་ཧུའེ་ཧྭ་ཆང་འདེབས་འཛུགས་ལས་རིགས་ཚད་ཡོད་ཀུང་སི་བཅས་ཀྱིས་རྣམ་གྲངས་5ལ་གཅིག་སྡུད་ཐོག་གན་རྒྱ་བཞག་པ་དེ་འབྲོག་ལས་གསོ་ཚགས་དང་། སྨན་བཅོས། སུར་པན་འདེབས་འཛུགས་སོགས་ཀྱི་ཁྱབ་ཁོངས་མང་པོར་ཁྱབ་པ་དང་མ་དངུལ་བསྡོམས་སྒོར་དུང་ཕྱུར་2.2གཏོང་རྩིས་ཡོད་པ་རེད།