དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུའི་མགྲིན་ཚབ་པས་བརྗོད་དོན།

    ཀྲུང་གོ་ཕྱོགས་ཀྱིས་ཐུན་མོང་ངོས་འཛིན་རྒྱ་ཁྱབ་བྱུང་བའི་མི་ཐབས་རིག་ནུས་ཀྱི་བཅོས་སྐྱོང་སྒྲོམ་གཞི་དང་ཚད་གཞི་ཚད་ལྡན་འགྲུབ་པར་སྐུལ་འདེད་གཏོང་བའི་ཐད་རྒྱབ་སྐྱོར་བྱེད་ཀྱི་ཡིན།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-11-01

    ཚེས་30ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས་ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲོམ་གཞིའི་འོག་མི་ཐབས་རིག་ནུས་ཀྱི་བཅོས་སྐྱོང་ཐད་གྲོས་བསྡུར་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཚབ་མཚོན་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་གཏོང་བ། ཐུན་མོང་ངོས་འཛིན་རྒྱ་ཁྱབ་བྱུང་བའི་མི་ཐབས་རིག་ནུས་ཀྱི་བཅོས་སྐྱོང་སྒྲོམ་གཞི་དང་ཚད་གཞི་ཚད་ལྡན་འགྲུབ་པར་སྐུལ་འདེད་གཏོང་བ་བཅས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུར་གསར་འགོད་པ་ཞིག་གིས། ཉིན་ཤས་གོང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས“མི་ཐབས་རིག་ནུས་ཀྱི་མཐོ་རིམ་བློ་འདྲིའི་སྒྲིག་གཞི”བཙུགས་ནས་མི་ཐབས་རིག་ནུས་ཀྱི་རྒྱལ་སྤྱིའི་བཅོས་སྐྱོང་ལ་དབྱེ་ཞིབ་དང་སྲིད་ཇུས་ཀྱི་གྲོས་འགོ་འདོན་པའི་འགན་འཁུར་རྒྱུའི་ཁྱབ་བསྒྲགས་བྱས་ཤིང་། ཀྲུང་གོའི་མཁས་དབང་གཉིས་སྒྲིག་གཞི་དེའི་ཁོངས་མིའི་གྲས་སུ་ཚུད་འདུག་པས། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་གདེང་འཇོག་གང་ཞིག་བྱེད་རྩིས་ཡོད་དམ་ཞེས་དྲིས།

    དབང་ཝུན་པིན་གྱིས་མི་ཐབས་རིག་ནུས་ཀྱི་བཅོས་སྐྱོང་ནི་མིའི་རིགས་ཀྱི་ཐུན་མོང་བདེ་རྩ་དང་འབྲེལ་བ་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཇུས་དང་ཤུགས་མཉམ་དུ་འདོན་དགོས་ཀྱི་ཡོད། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་འགན་འཁུར་མཁན་བའི་རྒྱལ་ཁབ་ཅིག་ཡིན་པའི་ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲོམ་གཞིའི་འོག་མི་ཐབས་རིག་ནུས་ཀྱི་བཅོས་སྐྱོང་ལ་གྲོས་བསྡུར་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཚབ་མཚོན་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་གཏོང་བ། ཐུན་མོང་ངོས་འཛིན་རྒྱ་ཁྱབ་བྱུང་བའི་མི་ཐབས་རིག་ནུས་བཅོས་སྐྱོང་གི་སྒྲོམ་གཞི་དང་ཚད་གཞི་ཚད་ལྡན་འགྲུབ་པར་སྐུལ་འདེད་གཏོང་བ་བཅས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    དབང་ཝུན་པིན་གྱིས“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་འགོ་ཚུགས་མཛད་སྒོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི《གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་ཀྱི་བཅོས་སྐྱོང་གྲོས་འགོ》ཁྱབ་བསྒྲགས་གནང་སྟེ་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་ཀྱི་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ཀྲུང་གོའི་སྐད་སྒྲ་ཆེན་པོ་བསྒྲགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི《གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་ཀྱི་བཅོས་སྐྱོང་གྲོས་འགོའི》ནང་མི་ཐབས་རིག་ནུས་ཀྱི་འཕེལ་རྒྱས་དང་། བདེ་འཇགས། བཅོས་སྐྱོང་བཅས་ལ་དམིགས་ཏེ་ལངས་ཕྱོགས་དང་འདོད་ཚུལ་རྒྱས་བཤད་བྱས་པ་དང་མི་རྩ་བར་འཛིན་པ་དང་། རིག་ནུས་བཟང་སྤེལ། བདག་དབང་ལ་བརྩི་འཇོག མཐུན་སྦྱོར་མཉམ་སྐྱོང་བཅས་ཀྱི་རྩ་དོན་བཏོན་པ་ལས། ཀྲུང་གོས་མི་ཐབས་རིག་ནུས་ལ་གོ་བ་གཏིང་ཟབ་བླངས་པ་མཚོན་པ་མ་ཟད། ད་དུང་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚུད་པའི་ཕྱོགས་ཁག་གིས་ཡོངས་ཁྱབ་ངང་ཁས་བླངས་པའི་འདུ་ཤེས་དང་རེ་འབོད་ཀྱང་མཚོན་གྱི་ཡོད། གྲོས་འགོར་རྒྱལ་ཁབ་ཁག་གིས་ཆ་འཕྲིན་སྤེལ་རེས་དང་ལག་རྩལ་མཉམ་ལས་ལ་ཤུགས་སྣོན་དང་། ཉེན་ཁ་འགོག་ཟོན་གྱི་ལས་དོན་ཐུན་མོང་ཐོག་ཡག་པོ་སྒྲུབ་པ། མི་ཐབས་རིག་ནུས་ཀྱི་ལག་རྩལ་ལ་བརྟེན་ནས་མིའི་རིགས་ལ་ཕན་བདེ་སྐྲུན་པར་སྐུལ་འདེད་གཏོང་བ། མི་ཐབས་རིག་ནུས་ལ་བརྟེན་ནས་རྒྱལ་ཁབ་གཞན་དག་གི་ནང་སྲིད་ལ་ཐེ་ཇུས་བྱེད་པ་དང་རྒྱལ་ཁབ་གཞན་དག་གི་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བར་ངོ་རྒོལ་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད་ཅེས་བརྗོད་པ་རེད།

    “རྒྱལ་ཁབ་ཁག་གི་སྲིད་གཞུང་དང་། རྒྱལ་སྤྱིའི་རྩ་འཛུགས། ལག་རྩལ་ཁེ་ལས། ཚན་ཞིབ་སློབ་གླིང་། དམངས་ཁྲོད་སྒྲིག་གཞི་བཅས་བྱེད་པོ་ཁག་གིས་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་ཀྱི་འདུ་ཤེས་བཟུང་ནས་མི་ཐབས་རིག་ནུས་ཀྱི་བཅོས་སྐྱོང་ལ་ཕྱར་བ་གྲུ་འདེགས་ཀྱིས་སྐུལ་འདེད་གཏོང་བར་ཀྲུང་གོ་ཕྱོགས་ཀྱིས་དགའ་བསུ་ཞུ་གི་ཡིན”ཞེས་དབང་ཝུན་པིན་གྱིས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།