དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོའི་རིག་གནས་ཉིན་མོའི”ཆེད་དོན་རིག་རྩལ་འཁྲབ་སྟོན་ཨུ་ཟ་བྷེ་ཁི་སི་ཐན་དུ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-11-01

    ཚེས་28ཉིན་ཨུ་ཟ་བྷེ་ཁི་སི་ཐན་གྱི་རྒྱལ་ས་ཐ་ཧྲི་ཀན་གྱི“རྒྱལ་སྤྱིའི་གླེང་སྟེགས་ཕོ་བྲང”དུ“ཀྲུང་གོའི་རིག་གནས་ཉིན་མོའི”ཆེད་དོན་རིག་རྩལ་འཁྲབ་སྟོན་བྱས་ཤིང་། དེར་རྒྱལ་ཁབ་གཉིས་ཀྱི་གྲོགས་པོ་1800ཙམ་ཞུགས་ཡོད་པ་རེད།

    ཀྲུང་གོའི་རིག་གནས་དང་ཡུལ་སྐོར་པུའི་པུའུ་ཀྲང་ཧུའུ་ཧོ་ཕིང་གིས་ཤིས་ཚིག་སྒྲོན་སྐབས། ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་དབར་ཕྱི་འབྲེལ་བཙུགས་ནས་ལོ་30ལྷག་ཙམ་དང་ལྷག་པར་དུ“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་ནས་ལོ་10སོང་ཚུན། རྒྱལ་ཁབ་གཉིས་མཛའ་བརྩེ་ཟབ་ལ་མཉམ་ལས་གཉིས་ཕན་གྱི་གྲོགས་པོ་ཡག་པོ་དང་། རོགས་ཟླ་ཡག་པོ། སྤུན་ཟླ་ཡག་པོ་བཅས་སུ་གྱུར་ཡོད། ཀྲུང་གོའི་རིག་གནས་དང་ཡུལ་སྐོར་པུས་ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་ལག་ལེན་ཧུར་ཐག་བསྟར་ཏེ་ཕྱོགས་གཉིས་དང་ཕྱོགས་མང་གི་ཁྱབ་ཁོངས་སུ་རིག་གནས་དང་ཡུལ་སྐོར་གྱི་སྤེལ་རེས་མཉམ་ལས་རྒྱ་ཆེར་བཏང་ནས་ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་སྐྲུན་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་བརྗོད་པ་རེད།

    ཨུ་ཟ་བྷེ་ཁི་སི་ཐན་རིག་གནས་པུའི་པུའུ་ཀྲང་ནཱ་ཀྲར་པེ་ཁོ་ཧྥུའུ་ཡིས། མིག་སྔར་ཨུ་ཀྲུང་གིས་རིག་གནས་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་འཁྲབ་སྟོན་དང་འགྲེམས་སྟོན་སྤེལ་རེས་ཡང་ཡང་བྱེད་ཀྱི་ཡོད།“ཀྲུང་གོའི་རིག་གནས་ཉིན་མོའི”བྱེད་སྒོ་བརྒྱུད་རྒྱལ་ཁབ་གཉིས་ཀྱི་དམངས་སེམས་གཅིག་མཐུན་ལ་སྔར་བས་སྐུལ་མ་ཐེབས་པའི་ཡིད་ཆེས་ཡོད། མ་འོངས་པར་ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རིག་གནས་ཁྱབ་ཁོངས་ཀྱི་ཤེས་ལྡན་པ་གསོ་སྐྱོང་དང་ཉམས་མྱོང་སྤེལ་རེས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་མཛའ་ཞིང་མཐུན་པའི་དམངས་འདོད་ཀྱི་རྨང་གཞི་བརྟན་དུ་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།

    ཀྲུང་གོའི་ཤར་ཕྱོགས་འཁྲབ་སྟོན་ཚོགས་པའི་སྒྱུ་རྩལ་མཁས་ཅན་ཚོས་ཝུའུ་ཨ་ལི་ཧྲེར·ནཱ་ཝོ་དབྱི་རྒྱལ་ཁབ་ཟློས་གར་ཁང་ཆེན་པོ་དང་རྒྱལ་ཁབ་དཔེ་བཟང་མི་རིགས་རོལ་དབྱངས་ཚོགས་པའི་གླུ་གཞས་མཁས་ཅན་ནམ་དཀྲོལ་གཏོང་མཁས་ཅན་རྣམས་དང་མཉམ་དུ་ལྟད་མོ་བར་གླུ་གར་གྱི་སྟོན་མོ་ཕུན་སུམ་ཚོགས་པོ་བཤམས་པ་ལས། ཀྲུང་ཧྭའི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དང་ཀྲུང་ཨུའི་རིག་གནས་མཉམ་འདྲེས་ཀྱི་མཛེས་སྡུག་གསོན་ཉམས་དོད་པོས་མཚོན་པར་བྱས་ཤིང་། འཁྲབ་སྟོན་ལ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་མ་ཟད་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།