དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་ལུགས་གསོ་རིག་གི་འོས་འགན་སྨན་བཅོས་ལ་ཧང་ག་རིར་དགའ་བསུ་ཐོབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-11-01

    “2023ལོའི་འཛམ་གླིང་གི་ཀྲུང་ལུགས་གསོ་རིག་ཉིན་མོའི་ཡོ་རོབ་དབུས་ཤར་གྱི་འོས་འགན་སྨན་བཅོས་ཆེན་པོའི”བྱེད་སྒོ་ཟླ་10ཚེས་27དང་28ཉིན་ཧང་ག་རིའི་རྒྱལ་ས་པུ་ཏ་ཕེ་སི་རུ་གཉེར་བ་རེད། ད་རེས་ཀྱི་འོས་འགན་སྨན་བཅོས་བྱེད་སྒོ་ནི་ཡོ་རོབ་དབུས་ཤར་གྱི་ཀྲུང་ལུགས་གསོ་རིག་སློབ་ཚོགས་དང་ཧང་ག་རིའི་ཆི་ཧོང་ཀྲུང་ལུགས་གསོ་རིག་ལྟེ་གནས་ཀྱིས་མཉམ་དུ་གཉེར་བ་ཞིག་རེད། ཉེ་བའི་ལོ་ཤས་རིང་ཀྲུང་ལུགས་གསོ་རིག་གི་ཕན་འབྲས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁས་ལེན་ཤུགས་ཆེ་རུ་ཕྱིན་པ་དང་ཧང་ག་རིར་ཀྲུང་ལུགས་གསོ་རིག་གི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཇེ་ཆེར་ཕྱིན་ཞིང་། འདི་ནི་ཟླ་10ཚེས་28ཉིན་ཧང་ག་རིའི་པུ་ཏ་ཕེ་སི་ནས་པར་བརྒྱབ་པའི“2023ལོའི་འཛམ་གླིང་གི་ཀྲུང་ལུགས་གསོ་རིག་ཉིན་མོའི་ཡོ་རོབ་དབུས་ཤར་གྱི་འོས་འགན་སྨན་བཅོས་ཆེན་པོའི”བྱེད་སྒོ་སྤེལ་ཡུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།