དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལྷ་གྲུ་ཨང་བཅུ་དྲུག་པའི་མི་བཞུགས་འཕུར་གྲུ་བར་སྣང་ས་ཚིགས་ནས་བདེ་བླག་ངང་ཕྱིར་འཐེན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-11-01

    ཀྲུང་གོ་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭ་གཞུང་དོན་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། པེ་ཅིང་གི་དུས་ཚོད་2023ལོའི་ཟླ་10ཚེས་30ཉིན་གྱི་ཆུ་ཚོད་20དང་སྐར་མ་37ལ་ལྷ་གྲུ་ཨང་བཅུ་དྲུག་པའི་མི་བཞུགས་འཕུར་གྲུ་དང་བར་སྣང་ས་ཚིགས་ཀྱི་སྡེབ་སྒྲིག་ཕུང་པོ་བདེ་བླག་ངང་ཁ་བྲལ་བ་རེད།

    ཁ་བྲལ་ཁར་ལྷ་གྲུ་ཨང་བཅུ་དྲུག་པའི་འཇིག་རྟེན་འཕུར་སྐྱོད་པའི་མཁའ་སྐྱོད་ཚོ་ཆུང་དང་ལྷ་གྲུ་ཨང་བཅུ་བདུན་པའི་འཇིག་རྟེན་འཕུར་སྐྱོད་པའི་མཁའ་སྐྱོད་ཚོ་ཆུང་དབར་ལས་ཀ་རྩིས་སྤྲོད་རྩིས་ལེན་བྱས་ནས་འཁོར་ལམ་ཐོག་ལས་སྒྲུབ་ཀྱི་ཉམས་མྱོང་སྤེལ་རེས་དང་། ཡར་གཏོང་དངོས་རྫས་དང་མར་འབེབས་དཔེ་དབྱིབས་སྤོ་སྒྱུར་སྒྲིག་སྦྱོར་སོགས་ཀྱི་ལས་དོན་ལེགས་སྒྲུབ་བྱས་པ་རེད།

    དེ་རྗེས་ལྷ་གྲུ་ཨང་བཅུ་དྲུག་པའི་མི་བཞུགས་འཕུར་གྲུའི་ཕྱིར་ལོག་གྲུ་ཚང་སྐབས་བསྟུན་ངང་ས་ངོས་ཀྱི་བཀའ་རྒྱའི་ཚོད་འཛིན་འོག་ཕྱིར་ལོག་བྱ་རྒྱུ་དང་། ཀྲུང་གོའི་བར་སྣང་ས་ཚིགས་སུ་ལས་འགན་སྒྲུབ་མཁན་འཇིག་རྟེན་འཕུར་སྐྱོད་པ་ཅིང་ཧའེ་ཕུང་དང་། ཀྲུའུ་དབྱང་ཀྲུའུ། ཀུའེ་ཧའེ་ཁྲའོ་བཅས་ཁྱིམ་དུ་ལོག་པའི་ལམ་བུར་ཞུགས་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།