དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལོ་ངོ་སྟོང་གི་གནའ་གྲོང་སྲུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-11-01

    “དུས་རབས་ཀྱི་མིག་དཔེ”སུའུ་ཧོ་ནི་ནང་སོག་ཨ་ལཱ་ཧྲན་མོང་གི་རྒན་ཡོལ་ཞུས་པའི་ལས་བྱེད་པ་ཞིག་ཡིན་པ་དང་། 2004ལོ་ནས་2021ལོའི་བར་ཁོང་དང་བཟའ་ཟླ་ཏེ་ལེ་ཀེ་ཡིས་ཨེ་ཆི་ནཱ་ཆིའི་གནའ་གྲོང་རྗེས་ཤུལ་དུ་ལྕང་སོན་རྐང་ཁྲི་9བཏབ་ནས། མུའུ་3500ཟིན་པའི་ཤིང་སྡོང་ཧུའུ་དབྱང་གིས་གནའ་གྲོང་རྗེས་ཤུལ་ལ་ཞེང་ཚད་སྨི་500དང་རིང་ཚད་སྤྱི་ལེ་3ཟིན་པའི་སྐྱེ་ཁམས་སྲུང་བཅད་བསྐྲུན་ཡོད། ཁོང་ལ“བྱེ་ཐང་གི་ཡུས་ཀུང”ཞེས་འབོད་ཀྱི་ཡོད། 2021ལོར་བགྲེས་སོང་སུའུ་ཧོ་ཚེ་ལས་འདས་པ་དང་། ཁོང་གི་བཟའ་ཟླ་ཏེ་ལེ་ཀེ་དང་ཕྲུ་གུ་ཚོས་སྔར་བཞིན་ཤིང་སྡོང་ཧུའུ་དབྱང་བཏབ་ནས། བགྲེས་སོང་སུའུ་ཧོའི་ལྗང་མདོག་གྲུབ་འབྲས་བསྲུངས་པ་མ་ཟད། དེ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བཞིན་ཡོད། གནའ་གྲོང་རྗེས་ཤུལ་གྱི་ཉེ་འགྲམ་དུ་བགྲེས་སོང་སུའུ་ཧོ་དང་བཟའ་ཟླ་ཏེ་ལེ་ཀེ་ཡིས་2004ལོར་བྱེ་ཐང་དུ་གཞིས་ཚུགས་ནས་ཁང་མིག་གསུམ་ཡོད་པའི་ཁང་པ་ཐོག་གཅིག་མ་གཅིག་བརྒྱབ་པ་དང་ད་ཆ་དེ་གར་སྔོ་ཐིང་ཐིང་དུ་གྱུར་ཡོད། “བྱེ་ཐང་གི་ཡུས་ཀུང”ཞེས་འབོད་པའི་སུའུ་ཧོ་ཡི་ནང་མི་ཚོས་མུ་མཐུད་ཁོང་གི་འགན་འཁྲི་ཕྲག་ཏུ་ཁུར་ནས། བྱེ་ཐང་དུ་ལྗོན་ཤིང་བཏབ་ནས་ཚེ་སྲོག་གི་ངོ་མཚར་བཏོད་ཡོད། འདི་ནི་ཟླ་10ཚེས་28ཉིན་ཏེ་ལེ་ཀེས་ཤིང་སྡོང་ཧུའུ་དབྱང་ལ་ཡལ་གཅོད་རྒྱག་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།