དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རིག་གནས་སྤེལ་རེས་བྱས་ནས་དམངས་སེམས་གཅིག་མཐུན་གྱི་འབྲེལ་ཟམ་བཙུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། སུན་ཀོང་ཡུང་། ཙོའུ་སུང་། ཧྲེན་ཞའོ་ཞའོ།   |     སྤེལ་དུས།  2023-10-31

    འདི་ནི་ལོ་སིའི་ཀྲན་ཐཱ་པུའུ་ལི་རྫོང་གི་ཀྲུང་ལོ་མཛའ་གྲོགས་ནུང་པིན་གྲོང་ཚོའི་སློབ་ཆུང་གི་སློབ་ཁང་ནང་སློབ་ཕྲུག་ཚོས་སྙིང་གཟུགས་ལག་བརྡ་བྱས་ནས་ཀྲུང་གོར་ཐུགས་རྗེ་ཆེ་ཞུ་བའི་རྣམ་པ་ཡིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ་སུན་ཀོང་ཡུང་གིས་པར་བརྒྱབ།

    ཟླ་ལྔ་པར། “གནམ་འོག་ཇའི་དགའ་སྟོན”ཞེས་པའི་བྱེད་སྒོ་ཨུ་ཟ་བྷེ་ཁི་སི་ཐན་གྱི་རྒྱལ་ས་ཐ་ཧྲི་ཀན་དུ་འཚོགས་ཤིང་། འདི་ནི་ས་གནས་དེ་གའི་གྲོང་མིས་བྱེད་སྒོ་སྤེལ་ཡུལ་དུ་ཡིག་གཟུགས་དང་། ཤོག་དྲས། ལག་ཤེས་ཐོན་རྫས་སོགས་འགྲེམས་སྟོན་ལ་བལྟས་ནས་སྣ་མང་ཕུན་སུམ་ཚོགས་པའི་ཀྲུང་གོའི་རིག་གནས་ཉམས་སུ་མྱོང་བའི་རྣམ་པ་ཡིན་པ། ཀེ་ཨར་ཅི·ནཱ་མཱ་ཙུའོ་ཧྥུའུ་ཡིས་པར་བརྒྱབ།

    ཀྲུང་ཨེ་ལུའུ་ཁེ་སུའོ་མོང་ཐུའུ་ལྷ་ཁང་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རྣམ་གྲངས་ཀྱི་ཁོངས་མི་ཚོས་ཨེ་ཅིབ་ཀྱི་ལུའུ་ཁེ་སུའོ་རུ་ལས་ཀ་བྱེད་པའི་རྣམ་པ་ཡིན་པ། ཀའོ་ཝེ་ཡིས་པར་བརྒྱབ།

    འདི་ནི་ཅི་པོའུ་ཐི་ལུའུ་པན་བཟོ་ཁང་གི་སློབ་མ་ཚོས་ཀྲུང་གོ་ཕྱོགས་ཀྱི་དགེ་རྒན་གྱི་མཛུབ་ཁྲིད་འོག་མེ་འཁོར་གྱི་ཁ་ལོ་བའི་ལག་རྩལ་སྦྱོང་བའི་རྣམ་པ་ཡིན་པ། ཨེ་རུའེ་སིས་པར་བརྒྱབ།

    ཟླ་9ཚེས་6ཉིན། དར་གོས་ལམ་བུ(ཏུན་ཧོང)རྒྱལ་སྤྱིའི་རིག་གནས་དངོས་མང་སྟོན་ཚོགས་འཚོགས་པ་དང་། རྒྱལ་ཁབ་དང་། ས་ཁུལ། རྒྱལ་སྤྱིའི་རྩ་འཛུགས་བཅས་50ལྷག་ཙམ་གྱི་སྐུ་མགྲོན་1200ལྷག་ཙམ་ཞུགས་ཡོད་པ་རེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཱ་ཤིས་ཕིང་གིས་པར་བརྒྱབ།

    རྒྱལ་ཁབ་དབར་འབྲེལ་བ་གཙོ་བོ་མི་དམངས་ཕན་ཚུན་མཛའ་བརྩེ་ལྡན་པར་བྱེད་དགོས། མི་དམངས་ཕན་ཚུན་མཛའ་བརྩེ་ལྡན་པ་བྱེད་པར་གཙོ་བོ་དམངས་སེམས་གཅིག་མཐུན་ཡོང་བར་བྱེད་དགོས། དམངས་སེམས་གཅིག་མཐུན་ཡོང་བ་བྱ་རྒྱུ་ནི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་ནང་དོན་གཙོ་བོ་ཞིག་ཡིན་ལ། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་མི་ཆོས་རིག་གནས་ཀྱི་རྨང་གཞི་ཡང་ཡིན། ཁུང་ཙི་སློབ་གླིང་དང་ཁུང་ཙི་སློབ་ཁང་གིས“རྒྱ་ཡིག་གི་ཚ་རླབས”དང“ཀྲུང་གོའི་རིག་གནས་ཀྱི་ཚ་རླབས”འཕྱུར་བར་བྱས་པ་ནས་ལུའུ་པན་བཟོ་ཁང་གིས་མཉམ་སྐྲུན་རྒྱལ་ཁབ་ཀྱི་གཞོན་ནུར་ལས་རིགས་རྩལ་ནུས་བསླབས་པའི་བར་དང་། མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རྣམ་གྲངས་སྤེལ་བ་ནས་སྒྱུ་རྩལ་དུས་ཆེན་གཉེར་ཏེ་དར་གོས་ལམ་བུའི་རྒྱལ་སྤྱིའི་ཟློས་གར་ཁང་དང་། དཔེ་མཛོད་ཁང་། མཛེས་རྩལ་ཁང་སོགས་ཀྱི་མནའ་འབྲེལ་འཛུགས་པའི་བར་སོགས་ལོ་10ཡི་རིང་། ཀྲུང་གོས་མཉམ་སྐྲུན་རྒྱལ་ཁབ་ཁག་དང་རིག་གནས་སློབ་གསོའི་ཁྱབ་ཁོངས་སུ་མཉམ་ལས་རྒྱ་ཁྱབ་བྱས་ནས། མི་དམངས་དབར་གྱི་མཛའ་གྲོགས་འགྲོ་འོང་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་སྟེ་ཕན་ཚུན་རྒྱུས་ལོན་དང་མཛའ་བརྩེ་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ཡོད་པ་རེད།

    ཀྲུང་ལོ་མཛའ་གྲོགས་ནུང་པིན་གྲོང་ཚོའི་སློབ་ཆུང་།

    ལོ་སིའི་རྒྱལ་ས་ཝན་ཐེན་གྲོང་ཁྱེར་གྱི་དཀྱིལ་ནས་བྱང་ཤར་དུ་རླངས་འཁོར་བཏང་སྟེ་ཆུ་ཚོད་ཕྱེད་ཀ་ཙམ་བསྐྱོད་ཚེ་ཀྲན་ཐཱ་པུ་ལི་རྫོང་གི་ཀྲུང་ལོ་མཛའ་གྲོགས་ནུང་པིན་གྲོང་ཚོའི་སློབ་ཆུང་དུ་སླེབས་ཐུབ། སློབ་གྲྭའི་ནང་དུ་དགའ་སྤྲོའི་དགོད་སྒྲས་ཁེངས་ཤིང་། སློབ་གོས་གྱོན་ཞིང་སྐེ་དར་དམར་པོ་བཏགས་པའི་སློབ་ཕྲུག་ཚོ་ལུས་རྩལ་ཐང་དུ་རྩེད་འཇོར་གཡེང་། མིག་སྔར། སློབ་ཆུང་དེར་ཁྱོན་འཛིན་གྲྭ་8དང་སློབ་ཕྲུག་270ཙམ་ཡོད་པ་རེད།

    2021ལོའི་ཟླ་བཅུ་གཉིས་པར། ཀྲུང་ལོ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བའི་སྐབས། ཀྲུང་ལོ་ལྕགས་ལམ་ཤར་གཏོང་ཐུབ་ནས། ཀྲུང་ལོ་མཛའ་གྲོགས་ནུང་པིན་གྲོང་ཚོའི་དགེ་སློབ་ཀྱི་འཐུས་མི“རྫ་ཆུ་རྟགས་ཅན”གྱི་ཤུགས་འགྲེམས་མེ་འཁོར་ནང་བསྡད་པ་དང་། “ང་ཀྲུང་ལོ་ལྕགས་ལམ་གྱི་མེ་འཁོར་ལ་སྡོད་མྱོང་ཡོད། ང་ནང་མི་ཚོ་དང་མཉམ་དུ་ཝན་ཐེན་ནས་མོ་ཏིང་བར་ཕྱིན་པ་ཡིན། ང་ཚོ་ནང་མི་ཚང་མ་མེ་འཁོར་ལ་སྡོད་ཐེངས་དང་པོ་ཡིན། ཧ་ཅང་སྐྱིད་པོ་འདུག ཚང་མ་ཧ་ཅང་དགའ་པོ་བྱུང”ང་ཆེན་པོ་ཆགས་རྗེས་པེ་ཅིང་དུ་སློབ་སྦྱོང་བྱེད་པར་འགྲོ་ཡི་ཡིན། ཕྱིས་སུ་དགེ་རྒན་ཞིག་བྱས་ནས་ཕྲུ་གུ་ཚོར་རྒྱ་ཡིག་སློབ་ཁྲིད་བྱེད་འདོད་ཡོད། “ད་ཆ་སློབ་གྲྭ་སྔར་བས་མཛེས་སུ་ཕྱིན་པ་མ་ཟད། གྲོང་ཚོའི་ནང་དུ་ཡང་གློག་ཁྲིད་པ་དང་། ལམ་སྐྲུན་པ། སྡོད་ཁང་གསར་པ་བརྒྱབ་པ་སོགས་བྱས་ནས། འཚོ་བ་སྔར་ལས་ཡག་ཏུ་ཕྱིན་སོང”ཞེས་ལོ་10ལ་སླེབས་པའི་སློབ་ཕྲུག་མཱ་ཉི་ལེ་ཡིས་གསར་འགོད་པར་བཤད།

    ཅི་པོའུ་ཐི་ལུའུ་པན་བཟོ་ཁང་།

    2019ལོའི་ཟླ་3པར་ཐེན་ཅིན་ལྕགས་ལམ་ལས་རིགས་ལག་རྩལ་སློབ་གླིང་དང་། ཐེན་ཅིན་ཚོང་ལས་སློབ་གྲྭ་དང་པོ། ཅི་པོའུ་ཐི་བཟོ་ཚོང་སློབ་གྲྭ ཀྲུང་གོ་ཨར་ལས་བཟོ་སྐྲུན་ཚོགས་པ་ཚད་ཡོད་ཀུང་སི་བཅས་ཀྱིས་མཉམ་དུ་བསྐྲུན་པའི་ཅི་པོའུ་ཐི་ལུའུ་པན་བཟོ་ཁང་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། རྒྱུན་གཏན་གྱི་སློབ་ཁྲིད་གསོ་སྦྱོང་ལས་དོན་ལེགས་སྒྲུབ་བྱས་པ་དང་དུས་མཚུངས་ཀྲུང་གོ་ཕྱོགས་ཀྱིས་ད་དུང་དོན་དངོས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ་སློབ་གྲྭ་དང་ཁེ་ལས་ཀྱིས་མཉམ་འབྲེལ་ཐོག་ཀྲུང་དབྱིན་ཧྥ་གསུམ་གྱི་ཡིག་རིགས་ཀྱི་སློབ་གཞི་18དང་སློབ་ཁྲིད་ཀྱི་ཚད་གཞི་18བཟོས་པའི་ཁར་སྐད་འཕྲིན་སློབ་ཚན་198བཀོད་སྒྲིག་བྱས་ཏེ་ཅི་པོའུ་ཐི་ལུའུ་པན་བཟོ་ཁང་གི་སློབ་ཁྲིད་ཐོན་ཁུངས་ཕུན་སུམ་ཚོགས་སུ་བཏང་ཡོད། ཅི་པོའུ་ཐི་ཕྱོགས་ཀྱི་དགེ་རྒན་ཡང་ཐེན་ཅིན་ལྕགས་ལམ་ལས་རིགས་ལག་རྩལ་སློབ་གླིང་དུ་དུས་ཡུན་ཟླ་བ་4ཡི་དགེ་འོས་གསོ་སྦྱོང་བྱས་ནས་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་སློབ་སྦྱོང་བྱས་ཡོད་ལ་དངོས་སྦྱོང་ནང་དུ་ཡང་ཞུགས་པ་རེད། “ཀྲུང་གོའི་ལྕགས་ལམ་གྱི་མྱུར་ཚད་དང་སྔོན་ཐོན་ལ་ང་ཧང་སངས་བྱུང་། ངས་སྦྱངས་པའི་ཤེས་བྱ་དག་རྒྱལ་ནང་དུ་འཁྱེར་ནས་ཡ་ཅི་ལྕགས་ལམ་ལ་ཚད་ལྡན་གྱི་ལག་རྩལ་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱ་རྒྱུ་ཡིན”ཞེས་ཅི་པོའུ་ཐི་ཕྱོགས་ཀྱི་དགེ་རྒན་ཨའེ་མན་གྱིས་དགའ་སྤྲོའི་ངང་བཤད།

    ཀྲུང་ཨེ་མཉམ་འབྲེལ་གནའ་རྫས་རྟོག་ཞིབ།

    2018ལོར་ཀྲུང་ཨེ་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རྣམ་གྲངས་ཐོག་མ་སྟེ། ཀྲུང་ཨེ་ལུའུ་ཁེ་སུའོ་མོང་ཐུའུ་ལྷ་ཁང་གི་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རྣམ་གྲངས་དེ་མོང་ཐུའུ་ལྷ་ཁང་གི་གནའ་ཤུལ་དུ་སྤེལ་འགོ་ཚུགས་པ་རེད། ལོ་5ཡི་རིང་འབད་བརྩོན་བྱས་པ་བརྒྱུད་ཕྱོགས་གཉིས་པོའི་མཉམ་ལས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    “ཀྲུང་གོའི་ཚོགས་པར་ཕུལ་དུ་བྱུང་བའི་ཆེད་ལས་ཀྱི་བྱང་ཚད་དང་སྔོན་ཐོན་གྱི་ལག་རྩལ་ལྡན་པས་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་ལས་དོན་ལ་འགན་ལེན་ནུས་ལྡན་བྱས་ཡོད”ཀྲུང་ཨེ་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རྣམ་གྲངས་ཨེ་ཅིབ་ཕྱོགས་ཀྱི་རུ་སྣེ་ཁྲིད་མཁན་ཁར་ན་ཁེ་ལྷ་ཁང་ཁུལ་གྱི་འགན་འཁུར་བ་སཱ་ཅིར་གྱིས། ཀྲུང་ཨེ་རྒྱལ་ཁབ་གཉིས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོའི་སྒྲོམ་གཞིའི་འོག་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་ལས་དོན་སྤེལ་བས་ཨེ་ཅིབ་ཀྱི་འབྲེལ་ཡོད་ལོ་རྒྱུས་རིག་གནས་ཀྲུང་གོར་བརྒྱུད་བསྒྲགས་བྱེད་པར་སྐུལ་འདེད་གཏོང་རྒྱུར་ཕན་པ་མ་ཟད། མིའི་རིགས་ཀྱི་ཤེས་དཔལ་ལོ་རྒྱུས་ལ་ཞིབ་འཇུག་བྱ་རྒྱུར་ཡང་ཤུགས་རྐྱེན་གལ་ཆེན་ཐེབས་རྒྱུ་རེད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།