དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་ཉིང་གློག་ལག་རྩལ་ཕྱིར་གཏོང་བྱེད་ཤུགས་ཆེ་རུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-10-31

    “ལིང་ལུང་དང་པོའི”འགྱུར་ཕུང་ནི“ཧྭ་ལུང་དང་པོའི”རྗེས་ཀྱི་ཀྲུང་གོས་རང་བརྟེན་གསར་གཏོད་བྱས་པའི་གྲུབ་འབྲས་གལ་ཆེན་གཞན་ཞིག་ཡིན་ཞིང་། 

    དེ་ནི་ཀྲུང་གོར་དཔེ་དུམ་ཅན་ཆུང་གྲས་ཀྱི་ལག་རྩལ་གསར་གཏོད་དང་ཉིང་གློག་གི་གལ་ཆེའི་ལག་རྩལ་སྒྲིག་ཆས་གྱི་རྒྱལ་ཐོན་ཅན་ཐད་ཐོག་མར་ཚད་བརྒལ་བྱུང་བ་ཞིག་ཡིན། འདི་ནི་ཟླ་8ཚེས་10ཉིན“ལིང་ལུང་དང་པོའི”འགྱུར་ཕུང་ལྟེ་བའི་དཔེ་དུམ“ལིང་ལུང་སེམས་པ”ཞེས་པ་འདེགས་སྒྲིག་བྱ་ཡུལ་ཡིན་པ། ཀའོ་ཀྲི་ཧྭ་ཡིས་པར་བརྒྱབ།

    རྒྱལ་སྤྱིའི་ཐོག་ཀྲུང་གོའི་ཉིང་རྡུལ་ལག་རྩལ་སྔོན་ཐོན་ཆུ་ཚད་དུ་སླེབས་པ་མ་ཟད། ད་དུང་ཕྱི་རྒྱལ་དུ་རྒྱ་སྐྱེད་གཏོང་བའི་གོ་སྐབས་བཟང་པོ་ཞིག་བསུ་བཞིན་ཡོད།

    ཟླ་9པའི་ཟླ་འགོར་ཀྲུང་གོའི་ཧའེ་ནན་ཞིང་ཆེན་ཁྲང་ཅང་ཉིང་རྡུལ་གློག་ཁང་གིས་འཛུགས་སྐྲུན་བྱེད་བཞིན་པའི་“ལིན་ལུང་དང་པོའི”འགྱུར་ཕུང་ལ་ལྟ་སྐོར་བྱེད་པའི་བྱེད་སྒོ་ཐོག་མར་སྤེལ་བ་རེད། རབས་གསར་པའི་དཔེ་དུམ་ཆུང་གྲས་གྱི་འགྱུར་ཕུང་གི་བདེ་འཇགས་རང་བཞིན་ཅུང་མཐོ་བ་དང་འཛུགས་སྐྲུན་གྲོན་དངུལ་ཅུང་དམའ་བས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཡིད་དབང་འགུག་ཤུགས་ཆེན་པོ་ལྡན་ཡོད། ད་ཐེངས་ཀྱི་ལྟ་སྐོར་བྱེད་སྒོའི་ནང་ཀྲུང་གོས་ཨུ་རུ་སུ་དང་། ཧྥ་རན་སེ། སོ་ཏི་ཨ་རབ། མོ་རོ་ཁོ། ཁེན་ནི་ཡ། ཀག་ན་སོགས་རྒྱལ་ཁབ་50ཙམ་གྱི་སྲིད་གཞུང་གི་མི་དང་ཉིང་གློག་གི་རིགས་གཅིག་མཁས་ཅན་དེའི་ནང་ཞུགས་རྒྱུའི་གདན་དྲངས་ཡོད།

    འདི་ལོའི་ཟླ་5པར་ཀྲུང་གོ་དང་ཧ་སག་སི་ཐན་དབར་ཉིང་གློག་གི་ལག་རྩལ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་གྲོས་མཐུན་བྱུང་ཡོད། 2022ལོའི་ཟླ་གཉིས་པར་ཀྲུང་གོ་དང་ཨ་ཀེན་ཐིན་དབར་ཉིང་གློག་འཛུགས་སྐྲུན་ཐད་ཀྱི་གན་རྒྱ་བཞག་ཡོད། 2021ལོའི་ལོ་འགོར། ཀྲུང་གོས་རང་བརྟེན་ཞིབ་སྤེལ་བྱས་པའི“ཧྭ་ལུང་དང་པོའི”འགྱུར་ཕུང་ཧྥུའུ་ཅན་ཧྥུའུ་ཆིང་ཉིང་གློག་ས་ཚིགས་སུ་ཚོང་ལས་འཁོར་རྒྱུག་བྱས་པ་དང་། “ཧྭ་ལུང་དང་པོའི”ཕྱི་རྒྱལ་གྱི་དཔེ་སྟོན་ལས་གྲྭ་སྟེ། ཕ་ཁི་སི་ཐན་ཁ་ལ་ཆིའི་ཉིང་གློག་འཕྲུལ་ཚན་གཉིས་པའང་ཚོང་ལས་འཁོར་རྒྱུག་བྱེད་འགོ་ཚུགས་པ་དང་འཕྲུལ་ཚན་གསུམ་པས་གློག་བཏང་ཟིན་ཡོད། མིག་སྔར། ཀྲུང་གོས་ཉིང་གློག་གི་ལག་རྩལ་ཕྱིར་གཏོང་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་དང་། ཀྲུང་གོའི་ཉིང་གློག་ཁེ་ལས་མི་ཉུང་བ་ཞིག་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གོ་སྐབས་དང་བསྟུན་ནས་ཕྱིར་ཚོང་བྱས་པས། གྲུབ་འབྲས་ཀྱང་མི་དམན་པ་ཐོབ་ཡོད།

    —— རི་པིན་གྱི《ཉིན་རེའི་གསར་འགྱུར》ཐོག་སྤེལ་བའི་གནས་ཚུལ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།