2023ལོའི་རྒྱལ་ཡོངས་ཀྱི་ཁེ་ལས་འབྲིང་ཆུང་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ཚོགས་ཆེན་འགོ་ཚུགས་པ།
ཟླ་10ཚེས་29ཉིན་གྱི་སྔ་དྲོར། 2023ལོའི་རྒྱལ་ཡོངས་ཀྱི་ཁེ་ལས་འབྲིང་ཆུང་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ཚོགས་ཆེན་ཨན་ཧུའེ་ཞིང་ཆེན་ཧོ་ཧྥེ་གྲོང་ཁྱེར་དུ་འགོ་ཚུགས་པ་རེད།
ཚོགས་ཆེན་ནི་བཟོ་ལས་དང་ཆ་འཕྲིན་ཅན་པུས་ཨན་ཧུའེ་ཞིང་ཆེན་མི་དམངས་སྲིད་གཞུང་དང་མཉམ་དུ་གཙོ་གཉེར་བྱས་པ་ཞིག་ཡིན་ཞིང་། “གྲངས་འཛིན་དཔལ་འབྱོར་དང་དངོས་གཞིའི་དཔལ་འབྱོར་མཉམ་འདྲེས་བྱས་ནས་ཁེ་ལས་ཁྲི་སྟོང་ལ་ཕན་པ་བསྐྲུན་པ”བརྗོད་དོན་གཙོ་བོར་བྱས་ནས། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ་དང་། ཁེ་ལས་འབྲིང་ཆུང་འཕེལ་རྒྱས་དང་ཆེད་ལེགས་ཁྱད་གསར་གྱི་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ། ཆ་འཕྲིན་གསར་བརྗེའི་འཕེལ་རྒྱས་འགྲོ་ཚུལ་ལ་སྟངས་འཛིན་བྱེད་པ། གྲངས་འཛིན་དཔལ་འབྱོར་དང་དངོས་གཞིའི་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཐུབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་མ་གཏོང་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོར་ཁེ་ལས་འབྲིང་ཆུང་གི་གྲངས་འཛིན་ཅན་ཕྱོགས་སྒྱུར་ཚོད་ལྟའི་གྲོང་ཁྱེར་གྱི་ལས་དོན་སྤེལ་འགོ་ཚུགས་པའི་མཛད་སྒོ་གཉེར་བ་རེད། དེ་དང་ཆབས་ཅིག འགོ་ཚུགས་མཛད་སྒོར《རྒྱལ་ཡོངས་ཀྱི་ཁེ་ལས་འབྲིང་ཆུང་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་འཕེལ་རྒྱས་སྙན་ཞུ(2023ལོ)》དང་། 2023ལོའི་ཁེ་ལས་འབྲིང་ཆུང་གི“རིམ་འབྲེལ་རྣམ་པའི”གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་དཔེ་མཚོན་བྱ་ཐབས། 2023ལོའི་ཁེ་ལས་འབྲིང་ཆུང་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་དཔེ་མཚོན་ཐོན་རྫས་དང་ཐག་གཅོད་བྱ་ཐབས་བཅས་ཡོངས་བསྒྲགས་བྱས་ཤིང་། ཚོགས་ཆེན་ལ་ད་དུང་གྲགས་ཅན་ཡོན་ཧྲི་རིགས་གཅིག་མཁས་ཅན་དང་། ཁེ་ལས་ཀྱི་འཐུས་མི་གདན་དྲངས་ཏེ་ཁེ་ལས་འབྲིང་ཆུང་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ལ་དམིགས་ཏེ་བརྗོད་དོན་གཙོ་བོའི་གཏམ་བཤད་སྤེལ་བ་རེད།
གཞན་ཡང་། ཚོགས་ཆེན་ཐོག་ཆེད་ལེགས་ཁྱད་གསར་གྱི་ཁེ་ལས་འབྲིང་ཆུང“ཟླ་རེར་རིམ་འབྲེལ་རེའི”མ་འཇོག་དང་མ་དངུལ་བསྡུ་སྒྲིལ་གྱི་ཚོང་བཤད་དང་། མ་དངུལ་བསྡུ་སྒྲིལ་ལ་བརྟེན་ནས་ཁེ་ལས་འབྲིང་ཆུང་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བའི་གླེང་སྟེགས། ཁེ་ལས་འབྲིང་ཆུང་གི་གྲངས་འཛིན་ཤེས་ལྡན་མི་སྣའི་འཕེལ་རྒྱས་གླེང་སྟེགས། “རིམ་འབྲེལ”རྣམ་པའི་རྒྱུན་འཁོར་འཕེལ་རྒྱས་གླེང་སྟེགས། “མ་དཔེར་བལྟས་ནས་སློབ་སྦྱོང”གི་མཉམ་སྒྲུབ་འཕེལ་རྒྱས་གླེང་སྟེགས། “ལས་སྟེགས་ལ་བརྟེན་ནས་ནུས་ཤུགས་སྦྱིན་པའི”གསར་གཏོད་འཕེལ་རྒྱས་གླེང་སྟེགས་བཅས་རིམ་མཚུངས་གླེང་སྟེགས་ལྔ་བཀོད་སྒྲིག་བྱས་ནས། ལས་རིགས་འཕེལ་རྒྱས་ལ་ཤུགས་སྣོན་དང་། ཕྱོགས་མང་པོའི་ཐོན་ཁུངས་གཅིག་སྡུད་གང་ལེགས་བྱེད་པ། ཁེ་ལས་འབྲིང་ཆུང་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་མཉམ་ལས་ལས་སྟེགས་སྐྲུན་པ་བཅས་བྱས་ཏེ་ཁེ་ལས་འབྲིང་ཆུང་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ལ་རམ་འདེགས་བྱ་རྒྱུ་རེད།