མཚོ་ཐོག་སྣུམ་རླངས་ལས་སྟེགས་སུ“ཀྲུང་གོའི་རླངས་འབར་སྒུལ་ཤུགས་འཕྲུལ་འཁོར”ཐོག་མ་བསྒར་བ།
འདི་ནི“ཐའེ་ཧང་7”རྟགས་ཅན་གྱི་རླངས་འབར་སྒུལ་ཤུགས་འཕྲུལ་འཁོར་བསྒར་བའི་མཚོ་ཐོག་སྣུམ་རླངས་ལས་སྟེགས་ཡིན་པ།
ཚེས་29ཉིན་གསར་འགོད་པར་ཀྲུང་གོ་མཚོ་སྣུམ་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱི་རང་བདག་ཤེས་བྱའི་བདག་དབང་ཆ་ཚང་ལྡན་པའི་མཚོ་ཐོག་ལས་སྟེགས་ཀྱི་རླངས་འབར་སྒུལ་ཤུགས་འཕྲུལ་འཁོར་ཐོག་མ“ཐའེ་ཧང7”རྟགས་ཅན་ཧྲེན་ཀྲེན་གྱི་ཤར་ལྷོའི་མཚམས་དང་བར་ཐག་སྤྱི་ལེ་180ཡོད་པའི་མཚོ་ཐོག་སྣུམ་རླངས་ལས་སྟེགས་སུ“མེ་སྤར”ནས་དངོས་སུ་སྤྱོད་འགོ་ཚུགས་ཤིང་། དེ་ལས་རྒྱལ་ནང་གི་མཚོ་ཐོག་ལས་སྟེགས་ཀྱི་རླངས་འབར་སྒུལ་ཤུགས་སྤྱོད་པའི་ཁྱབ་ཁོངས་ཀྱི་སྟོང་ཆ་གསབ་སྟེ། རྒྱ་མཚོའི་སྣུམ་རླངས་ལ“ཀྲུང་གོའི་རླངས་འབར་སྒུལ་ཤུགས་འཕྲུལ་འཁོར”བསྒར་བ་རེད།
རླངས་འབར་སྒུལ་ཤུགས་འཕྲུལ་འཁོར་ནི་མཚོ་ཐོག་སྣུམ་རླངས་ཐོན་སྐྱེད་ལས་སྟེགས་ཀྱི་སྒུལ་ཤུགས་ཀྱི་ཡོང་ཁུངས་ཤིག་ཡིན་པ་དང་དེ“སྙིང”དང་གཅིག་པ་ཡིན་པ་རེད། དེ་གོང་རང་རྒྱལ་གྱི་མཚོ་ཐོག་སྣུམ་རླངས་ལས་སྟེགས་སུ་སྤྱད་པའི་རླངས་འབར་སྒུལ་ཤུགས་འཕྲུལ་འཁོར་དང་གློག་འདོན་འཕྲུལ་འཁོར་གྱི་སྒྲིག་སྦྱོར་མ་ལག་དེ་ནང་འདྲེན་བྱས་པ་ཞིག་ཡིན་པས། དུས་ཡུན་རིང་བ་དང་། རིན་གོང་མཐོ་བ། ཉམས་གསོ་བྱེད་དཀའ་བ་སོགས་ཀྱི་གནད་དོན་འཕྲད་ཀྱི་ཡོད།