ཅང་སུའུ་ཡན་ཁྲེང་དུ་སྟོན་བསྡུའི་ལས་ལ་བྲེལ་བ།
ཟླ་10ཚེས་28ཉིན་ཅང་སུའུ་ཡན་ཁྲེང་ཧྲེ་དབྱང་གི་ཅང་སུའུ་ཤིན་དབྱང་ཞིང་རའི་ཚད་གཞི་མཐོ་བའི་ཞིང་ཁར་མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་ཆེ་གྲས་ལྔ་ཡིས་ཆུ་འབྲས་བསྡུ་བཞིན་ཡོད། འཕྲུལ་ཆས་རེས་ཆུ་ཚོད་རེར་ས་ཞིང་མུའུ་30བརྔ་ཐུབ་པ་ནི་རྒྱུན་གཏན་གྱི་འཕྲུལ་ཆས་ཆུང་གྲས་ཀྱི་ལྡབ་10ཟིན་གྱི་ཡོད། ཞིང་ར་དེས་གནམ་གཤིས་ལེགས་པའི་སྐབས་དང་བསྟུན་ནས་ཁེ་ལས་ཀྱི་འཕྲུལ་ཆས་ཅན་གྱི་ལེགས་ཆ་འདོན་སྤེལ་བྱས་ནས་སྟོན་འབྲུ་འབྲུ་རྡོག་གཅིག་ཀྱང་མ་ལུས་པ་འབྲུ་མཛོད་དུ་བསྡུ་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད།