དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱིས་གཞུང་བཙུགས་སྨན་ཁང་སྒྱུར་བཅོས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

    མང་ཚོགས་ནད་གཞི་ལྟ་བ་དང་སྨན་པ་བསྟེན་དཀའ་བའི་གནད་དོན་རྒྱུན་མཐུད་ལེགས་བཅོས་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-10-31

    ཉེ་ཆར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་གཞུང་བཙུགས་སྨན་ཁང་སྒྱུར་བཅོས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་གཞུང་བཙུགས་སྨན་ཁང་སྒྱུར་བཅོས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་སྒྱུར་བཅོས་ཀྱི་བྱ་ཐབས་ཁག་ལ་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད་པས། མི་དམངས་མང་ཚོགས་ཀྱི་ནད་གཞི་ལྟ་བ་དང་སྨན་པ་བསྟེན་པའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་རྒྱུན་མཐུད་ལེགས་བཅོས་ཐུབ་ཡོད་པ་རེད།

    རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སྒྲིག་གཞི་སྒྱུར་བཅོས་སིའི་སི་ཀྲང་གཞོན་པ་ཞུའེ་ཧའེ་ཉིང་གིས། གཞུང་བཙུགས་སྨན་ཁང་ནི་རང་རྒྱལ་གྱི་སྨན་བཅོས་ཞབས་འདེགས་མ་ལག་གཙོ་བོ་ཞིག་རེད། རང་རྒྱལ་གྱིས་རྒྱལ་ཁབ་ཀྱི་གསོ་རིག་ལྟེ་གནས་དང་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ས་ཁོངས་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། རིགས་གཅིག་མཁས་ཅན་གྱིས་རོགས་སྐྱོར་དང་། ལག་རྩལ་སློབ་པ། དོ་དམ་འདྲ་མཚུངས་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་པ་བརྒྱུད། སྐྲན་ནད་དང་བྱིས་པའི་ཚན་ཁག་སོགས་གཙོ་གནད་ནད་གཞི་དང་གཙོ་གནད་ཆེད་ཚན་ཐད་ཀྱི་ས་གནས་ཀྱི་ཞན་ཆ་བསལ་ཏེ་མང་ཚོགས་ཞིང་ཆེན་དང་ས་ཁོངས་བསྒྲལ་ནས་སྨན་པ་བསྟེན་པར་འགྲོ་བའི་དཀའ་གནད་རིམ་བཞིན་ཐག་གཅོད་ཐུབ་ཡོད་ཅེས་བརྗོད།

    གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ཞིང་། གྲོང་ཁྱེར་གྱི་སྨན་བཅོས་ཚོགས་པ་དང་རྫོང་ཁོངས་ཀྱི་སྨན་བཅོས་གཅིག་མཐུན་འདུས་གྲུབ་འཛུགས་སྐྱོང་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས“རྫོང་སྟོང་གི་འདུ་འགོད”ལག་ལེན་མགྱོགས་མྱུར་བསྟར་བ་དང་། གྲོང་གསེབ་དང་སྡེ་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཁྱིམ་ཚང་སྨན་པའི་གན་རྒྱ་འཇོག་པའི་ཞབས་འདེགས་ཞུ་བ་བཅས་བྱས་པས། ཁྱིམ་གྱི་སྒོ་འགྲམ་དུ་མང་ཚོགས་ཚོར་འཚམ་པའི་སྨན་བཅོས་འཕྲོད་བསྟེན་ཞབས་འདེགས་སྤུས་ལེགས་ཐོབ་ཡོད་པ་རེད།

    དྲ་སྦྲེལ་སྨན་ཁང་འཛུགས་སྐྲུན་དང་དྲ་ཐོག་སྨན་བཅོས་ཞབས་འདེགས་སོགས་ཚུད་པའི་རྒྱང་བསྟེན་སྨན་བཅོས་བྱེད་སྟངས་བརྒྱུད། མང་ཚོགས་ལ་སྨན་བཅོས་ཞབས་འདེགས་སྤུས་ལེགས་ཐོབ་པར་བྱས་པ་དང་ཆབས་ཅིག གསོ་རིག་ཚན་རྩལ་གསར་གཏོད་དང་གྲུབ་འབྲས་སྒྱུར་བར་སྐུལ་འདེད་བཏང་བ་བརྒྱུད་མང་ཚོགས་ཀྱི་ནད་གཞི་ལྟ་བ་དང་སྨན་པ་བསྟེན་པའི་ཐོབ་སྣང་ཆེ་རུ་བཏང་བ་རེད།

    སྨན་རིན་གཅོག་པ་ཚད་བརྒལ་ཡོང་གཞིར་བྱས་ནས“སྨན་བཅོས་དང་། སྨན་བཅོས་འགན་བཅོལ། སྨན་རྫས་བཅས་གསུམ”ལ་མཐུན་སྦྱོར་འཕེལ་རྒྱས་དང་བཅོས་སྐྱོང་གཏིང་ཟབ་བྱས་ཤིང་། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱིས་སྨན་རྫས་གཅིག་སྡུད་འབོར་བཅད་ཉོ་སྒྲུབ་དང་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་གྲོས་མོལ་གོང་སྒྲིག་སོགས་ཀྱི་ལས་དོན་སྒྲིག་འཛུགས་བྱས་ཏེ་སྤེལ་བས། སྨན་རྫས་དང་ཟད་གྲོན་གྱི་རིན་གོང་ཤུགས་ཆེན་ཆག་སྟེ། མང་ཚོགས་ཀྱི་སྨན་བཅོས་འགྲོ་གྲོན་གྱི་ཁུར་པོ་ཡང་དུ་ཕྱིན་པ་དང་། སྨན་བཅོས་ཞབས་འདེགས་ཀྱི་རིན་གོང་སྟབས་བསྟུན་ལེགས་སྒྲིག་དང་། སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས་སྒྱུར་བཅོས། སྨན་དོན་པའི་གླ་ཕོགས་ལམ་ལུགས་སྒྱུར་བཅོས་སོགས་ལ་སྐུལ་མ་ཐེབས་པ། གཞུང་བཙུགས་སྨན་ཁང་གིས་སྤྱི་ཕན་རང་བཞིན་ཁྲིད་སྟོན་དུ་བྱེད་པའི་འཁོར་རྒྱུག་ལམ་སྲོལ་གསར་པ་འཛུགས་པར་སྐུལ་མ་ཐེབས་པ་བཅས་བྱུང་ཡོད་པ་རེད།

    རིམ་པ་མང་བའི་སྨན་བཅོས་འགན་སྲུང་མ་ལག་སྐྲུན་ཤུགས་ཆེ་རུ་བཏང་ནས་སྨན་བཅོས་འགན་བཅོལ་གྱི་འགན་སྲུང་ཆུ་ཚད་རིམ་བཞིན་མཐོ་རུ་བཏང་ཞིང་། 2020ལོ་ནས་2022ལོའི་བར་གྱི་ལས་བཟོའི་སྨན་བཅོས་འགན་བཅོལ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་སྨན་ཁང་དུ་སྡོད་པའི་སྨན་རིན་སྐོར་གྱི་སྲིད་ཇུས་ཁྱབ་ཁོངས་ནང་གི་རྩིས་ཞུའི་བསྡུར་ཚད་བརྒྱ་ཆའི་གྲངས་5ཙམ་སོ་སོར་མཐོ་རུ་བཏང་བ་རེད།

    སྨན་ཁང་གི་ཞིབ་ཚགས་ཅན་གྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས། ནད་ཐོག་སྨན་བཅོས་ཀྱི་ལས་སྒོ་དོ་དམ་དང་དཔལ་འབྱོར་དོ་དམ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ། ནད་ཐོག་སྨན་བཅོས་ཀྱི་ཐབས་ལམ་དོ་དམ་ལག་ལེན་བསྟར་བ་དང་། སྨན་རྫས་ཟད་གྲོན་རྒྱུ་ཆ་ལུགས་མཐུན་སྤྱོད་རྒྱུར་སྐུལ་འདེད་གཏོང་བ། རིམ་པ་གཅིག་མཚུངས་ཀྱི་ཞིབ་བཤེར་བརྟག་དཔྱད་བྱས་འབྲས་ཕན་ཚུན་ངོས་འཛིན་དང་ཁས་ལེན་པ་སོགས་བྱས་པས་ནད་པའི་སྨན་བཅོས་གྲོན་དངུལ་གྲོན་ཆུང་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།