དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དུས་ཚིགས་དང་པོ་ནས་གསུམ་པའི་བར་བོད་ལྗོངས་ཀྱི་ས་ཁུལ་ཐོན་སྐྱེད་བསྡོམས་འབོར་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-10-31

    གསར་འགོད་པར་བོད་རང་སྐྱོང་ལྗོངས་ཡུལ་སྐོར་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། 2023ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། བོད་ལྗོངས་ཀྱི་ས་ཁུལ་ཐོན་སྐྱེད་བསྡོམས་འབོར་སྒོར་དུང་ཕྱུར་1628.59ཟིན་པ་དང་། བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་བརྒྱབ་ན་ལོ་གོང་མའི་དུས་མཚུངས་ལས་9.8%འཕར་ནས། འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་ལས། ཡུལ་སྐོར་ཁྲོམ་རའི་ཐད། དུས་ཚིགས་དང་པོ་ནས་གསུམ་པའི་བར། བོད་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཁྱོན་མི་ཐེངས་ཁྲི་4966.67ལ་སྣེ་ལེན་ཞུས་པ་2019ལོའི་ལོ་ཧྲིལ་པོའི་མི་ཐེངས་ཁྲི་4012.15ལས་བརྒལ་ཡོད།

    འདི་ལོ་ཚུན། བོད་ལྗོངས་ཡོངས་ཀྱི་དཔལ་འབྱོར་མགྱོགས་མྱུར་སླར་གསོ་དང་། ཐོན་སྐྱེད་མཁོ་སྤྲོད་བརྟན་པོའི་ངང་འཕར་བ། ཁྲོམ་རའི་སྔོན་དཔག་དང་གདེང་ཚོད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། ཁྲོམ་རའི་རིན་གོང་སྤྱིའི་ཆ་ནས་བརྟན་པོ་བཅས་བྱུང་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་ཡང་བསྐྱར་འཕར་བ་དང་ལེགས་སུ་འགྲོ་བའི་རྣམ་པ་མངོན་ཡོད། བོད་ལྗོངས་ཀྱི་ཡུལ་སྐོར་ཁྲོམ་ར་མགྱོགས་མྱུར་སླར་གསོ་བྱུང་ནས་འཛད་རྫས་ཁྲོམ་ར་མགྱོགས་མྱུར་སླར་གསོར་སྐུལ་ཁྲིད་བྱས་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར། བོད་ལྗོངས་ཀྱི་ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་593.98ཟིན་པ་ལས། ཟླ་9པར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཁྱོན་མི་ཐེངས་ཁྲི་474.06ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་64.29བྱུང་ཡོད། ཡུལ་སྐོར་མི་ཐེངས་དང་ཡུལ་སྐོར་ཡོང་འབབ་ཆེས་ཆེར་འཕར་ནས་འཛད་སྤྱོད་ཁྲོམ་ར་འཁྲུག་ཏུ་ནུས་ལྡན་སོང་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར། བོད་ལྗོངས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་632.1ཟིན་ནས་དུས་མཚུངས་ལས་18.8%འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།