དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་པ་ཚོགས་ཆུང་གིས་འཁོར་ལམ་དུ་རྩིས་སྤྲོད་རྩིས་ལེན་བྱས་པ།

    “འབུམ་རམས་པའི་ཚོགས་ཆུང”ཟླ་10ཚེས་31ཉིན་སའི་གོ་ལར་ལོག་གི་ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-10-31

    ཀྲུང་གོ་མི་བཞུགས་འཇིག་རྟེན་འཕུར་སྐྱོད་འདུ་འགོད་གཞུང་དོན་ཁང་གིས་ཆ་འཕྲིན་སྤེལ་བ་ལྟར་ན། པེ་ཅིང་གི་དུས་ཚོད་ཟླ་10ཚེས་29ཉིན། ལྷ་གྲུ་ཨང་བཅུ་དྲུག་པ་དང་ཨང་བཅུ་བདུན་པའི་འཇིག་རྟེན་འཕུར་སྐྱོད་པ་ཚོགས་ཆུང་གིས་རྩིས་སྤྲོད་རྩིས་ལེན་མཛད་སྒོ་གཉེར་ནས་ཀྲུང་གོ་བར་སྣང་ས་ཚིགས་ཀྱི་ལྡེ་མིག་སྤྲད་པ་རེད།

    ལྷ་གྲུ་ཨང་བཅུ་དྲུག་པའི་འཇིག་རྟེན་འཕུར་སྐྱོད་པ་ཚོགས་ཆུང་གིས་སྔོན་ནས་གཏན་ཁེལ་བའི་ལས་འགན་ཆ་ཚང་ལེགས་པར་བསྒྲུབས་རྗེས་ཟླ་10ཚེས་31ཉིན་ལྷ་གྲུ་ཨང་བཅུ་དྲུག་པའི་མི་བཞུགས་འཕུར་གྲུར་བསྡད་དེ་ཤར་རླུང་འབབ་ཐང་དུ་ལོག་གི་ཡོད་པ་རེད།

    མིག་སྔར། འབབ་ཐང་དང་དེ་བཞིན་ཚོད་ཞུགས་མ་ལག་ཁག་གིས་འཇིག་རྟེན་འཕུར་སྐྱོད་པ་ལོག་པའི་གྲ་སྒྲིག་གི་ལས་དོན་ཁག་ཡག་པོ་སྒྲུབ་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།