དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་དང་ཨེ་ཤེ་ཡའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་གྲུབ་འབྲས་ལྡན་པའི་ངང་གཉེར་བ།

    འཆར་གཞི་གསར་པ་མཉམ་དུ་བཀོད། མ་འོངས་ཕྱོགས་སུ་ལྷན་ཅིག་སྐྱོད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པས།   |     སྤེལ་དུས།  2023-10-31

    ཟླ་10ཚེས་28ཉིན། ཧང་ཀྲོའུ་ཨེ་ཤེ་ཡའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་མཇུག་འགྲིལ་མཛད་སྒོ་ཧང་ཀྲོའུ་ཨོ་ལིམ་ཕིག་ལུས་རྩལ་ལྟེ་གནས་ཀྱི་ལུས་རྩལ་ཐང་དུ་འཚོགས་ཤིང་། འདི་ནི་ཟླ་10ཚེས་28ཉིན་པར་བརྒྱབ་པའི་མཇུག་འགྲིལ་མཛད་སྒོའི་རྣམ་པ་ཡིན་པ།

    འབྲས་ལྡན་གྱི་དུས་འདིར། ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པ་དང་ཧང་ཀྲོའུ་ཨེ་ཤེ་ཡའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་སྐབས་བཞི་པ་སྔ་རྗེས་སུ་ཐུགས་གྲ་ལེགས་འགྲིག་བྱུང་བ་རེད།

    ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་དང་ཨེ་ཤེ་ཡའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་ཡག་པོ་གཉེར་བ་ནི་འདི་ལོའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ནང་གི་དོན་ཆེན་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲེ་ཅང་ཞིང་ཆེན་དང་ཧང་ཀྲོའུ་གྲོང་ཁྱེར་གྱིས་གྲ་སྒྲིག་གི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། འགྲན་བསྡུར་སྒྲིག་འཛུགས་དང་འགྲན་བསྡུར་གྱི་འགན་ལེན་ལས་དོན་ཡག་པོ་བསྒྲུབས་ཏེ“ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་གཉིས་ཀ་ངོ་མཚར་ཆེ་བའི”འགན་ལེན་བྱས་པ་རེད།

    ཟླ་10ཚེས་28ཉིན་གྱི་དགོང་མོར། ཧང་ཀྲོའུ་ཨེ་ཤེ་ཡའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་མཇུག་འགྲིལ་རྗེས། དེ་གར་ཡོད་པའི་མི་ཁྲི་3.6ཚང་མ་ཚོགས་ར་ནས་བྲལ་བར་སྐར་མ་30ལས་འགོར་མེད། སྤྱི་པའི་འགྲིམ་འགྲུལ་གྱི་འགན་སྲུང་ལ་བརྟེན་ནས་མི་བདེ་འཇགས་ལྡན་པའི་སྒོ་ནས་འགྲོ་འོང་ཐུབ་པར་བྱས་པས། ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་དང་ཨེ་ཤེ་ཡའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་དང་མཇུག་འགྲིལ་མཛད་སྒོའི་ལྟད་མོ་བ་ཚོགས་རར་འཛུལ་བ་དང་དེ་ནས་འབྲལ་བའི་ལས་ཕྱོད་ལ་མི་རྣམས་ཀྱིས་བསྔགས་བརྗོད་བྱས་པ་རེད།

    གང་སར་གོ་རིམ་ལྷག་པར་ལྡན་པ་ནི་གང་ནས་འབྱུང་བ་ཞིག་ཡིན་ནམ་ཞེ་ན། དེ་ནི་གྲོང་ཁྱེར་འཛུགས་སྐྲུན་གྱི་དངོས་པོའི་འདེགས་སྐྱོར་ཡོད་ལ་གྲོང་ཁྱེར་དོ་དམ་ལག་རྩལ་ཀྱི་འདེགས་སྐྱོར་ཡང་ཡོད་པས་རེད། ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་དང་ཨེ་ཤེ་ཡའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་གྲུབ་འབྲས་ལྡན་པའི་ངང་གཉེར་འདུན་ཞུས་ཚུན། ཀྲེ་ཅང་གིས་གོ་སྐབས་ལ་དམ་འཛིན་དང་འབད་འབུངས་ཡར་བརྩོན་གྱིས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ཡོད།

    འཕེལ་རྒྱས་ལ་མྱུར་ཚད་ཡོད་ལ་གཅེས་སེམས་དེ་བས་ཀྱང་ཡོད་དེ། ཉེ་བའི་ལོ་ཤས་རིང་། ཧང་ཀྲོའུ་རུ་འཁོན་ཐོགས་མེད་པའི་ས་ཆ་དང་སྤྱི་པའི་འདུ་གནས་གལ་ཆེན་ཁྲི་14སྒྱུར་བཀོད་བྱས་པ་དང་། ལག་བརྡའི་ཞབས་འདེགས་ས་ཚིགས་380བཙུགས་པ། ཐོགས་མེད་སྐོར་སྐྱོད་བརྡལ་གཏོང་རླངས་འཁོར་བརྒྱ་ཕྲག་ཁ་ཤས་བཏང་ཡོད་པ་རེད། གཅེས་སེམས་ལ་བརྟེན་ནས་འཁོན་ཐོགས་མེད་པའི་ཁོར་ཡུག་བཏོད་པས་དབང་སྐྱོན་ལ་རོགས་སྐྱོར་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་ཉིན་བཞིན་ཟབ་ཏུ་སོང་ཡོད།

    ཨེ་ཤེ་ཡའི་དབང་སྐྱོན་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་མ་ཅི་ཏེ·ལཱ་ཧྲི་ཏེ་ཡིས“ཧང་ཀྲོའུ་ནི་དབང་པོ་སྐྱོན་ཅན་ལ་ཧ་ཅང་མཐོང་ཆེན་བྱེད་པའི་གྲོང་ཁྱེར་ཞིག་རེད” འགྲན་ཚོགས་ཀྱི་ཞབས་འདེགས་ཆུང་ངུ་ཞིག་དང་གྲོང་མིའི་བསམ་པའི་ཉམས་འགྱུར་ལས་གྲོང་ཁྱེར་འདིའི་ཤེས་དཔལ་གྱི་ཆུ་ཚད་ཚོར་གྱི་འདུག་ཅེས་བརྗོད།

    ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་དང་ཨེ་ཤེ་ཡའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་རིང་ཚན་རྩལ་ལག་རྩལ་མཐོ་བའི་འགྲན་ར་མང་པོ་ཞིག་གིས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད། གྲ་སྒྲིག་བྱེད་འགོ་ཚུགས་པ་ནས་བཟུང་། ཀྲེ་ཅང་གིས་དམིགས་ཚད་ཁ་གསལ་བཏོན་ནས་འགྲན་རའི་སྒྲིག་བཀོད་དང་འགྲན་བསྡུར་གཉེར་བའི་ཉམས་མྱོང་སོགས་སྤྱད་དེ་ཕྱོགས་བསྡུས་ཀྱི་ཕན་འབྲས་རྒྱུན་མཐུད་ཆེ་རུ་བཏང་བ་རེད།

    རྩལ་འགྲན་འགྲན་ར་56ཚང་མ་སྔ་སྣུར་དུ་དམངས་ལ་ཕན་པ་འདོགས་པའི་ཆ་ནས་སྒོ་ཕྱེ་བར། རིམ་རྩིས་བྱས་ན་ལུས་སྦྱོང་མང་ཚོགས་མི་ཐེངས་ཁྲི་1000ལྷག་ཙམ་ཟིན་ཡོད་པ་རེད། “འགྲན་དུས་འགྲན་བསྡུར་ལ་ཕན། འགྲན་རྗེས་གྲོང་ཁྱེར་ལ་ཕན་པའི”རྩ་དོན་གཞིར་བཟུང་། མིག་སྔར་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་ར་51འགྲན་བསྡུར་ཚར་རྗེས་བེད་སྤྱོད་ཇི་ལྟར་གཏོང་བའི་འཆར་གཞི་དང་ཚན་པ་སུ་ལ་གཉེར་སྐྱོང་བྱེད་དུ་འཇུག་མིན་གཏན་འཁེལ་བྱས་ནས་མང་ཚོགས་ལ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་ཀྱི་ཡོད་པ་རེད།

    ཀྲུང་གོས་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་དང་ཨེ་ཤེ་ཡའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་སླར་ཡང་གཉེར་ནས་ཀུན་གྱི་ཉམས་མྱོང་དང་དགེ་མཚན་ལ་སློབ་སྦྱོང་བྱས་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གདེང་འཇོག་མཐོ་པོ་བྱས་ཡོད། ཨེ་ཤེ་ཡའི་ཨོ་ལིམ་ཕིག་ལས་འཛིན་ལྷན་ཚོགས་ཀྱི་ལས་ཚབ་ཀྲུའུ་ཞི་ཤིན་ཀེས། ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ནི་སྔར་ནས་ད་བར་གཉེར་བའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཡག་ཤོས་ཤིག་རེད། “ངོ་མཚར་ཧ་ཅང་ཆེ་ལ་བརྗེད་པར་དཀའ་བ་ཞིག་འདུག འདིར་སྔར་ན་མེད་པའི་གྲུབ་འབྲས་ཐོབ་ཡོད”ཅེས་བསྔགས་བརྗོད་བྱས། ཨེ་ཤེ་ཡའི་དབང་སྐྱོན་ཨོ་ལིམ་ཕིག་ཨུ་ལྷན་གྱི་དབུ་བཞུགས་ལག་བསྟར་དཔོན་ཐའེ་རུའེ་ཁེ·སོ་ཨའེ་ཡིས་ཧང་ཀྲོའུ་ཨེ་ཤེ་ཡའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་ནི་དམིགས་བསལ་གྱི་འདུ་ཚོགས་གཟབ་རྒྱས་ཤིག་རེད། “ཧང་ཀྲོའུ་ཡིས་འགྲན་བསྡུར་གཉེར་བའི་ཚད་གཞི་མཐོ་རུ་བཏང་སྟེ་མིག་དཔེ་ཞིག་བསྟན་ཡོད”ཅེས་བཤད།

    “རི་སྔོ་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་ཀྱི་འབྱུང་གནས་ཀྲེ་ཅང་དུ་འབྱུང་འཕྲོད་ནི་གཞི་མ་ཡིན་ལ་འགྲན་བསྡུར་གྱི་བརྒྱུད་རིམ་ཧྲིལ་པོར་དེ་བས་ཀྱང་ཁྱབ་ཡོད། རྩལ་འགྲན་འགྲན་ར་ཚང་མར་ནུས་རྒྱུ་གཙང་མའི་གློག་བཏང་བ་དང་ཐཱན་མེད་པའི་བུད་རྫས་སྤྱད་དེ་དཔལ་འབར་ཨ་མ་སྤར་བ་ནས་ནུས་ཟན་ལ་གྲོན་ཆུང་བསྲི་ཚགས་དང་སྙིགས་རོ་མེད་པའི་འགྲན་ར་གཉེར་བའི་བར། ཐཱན་ཉུང་ཁོར་ཡུག་སྲུང་སྐྱོང་དང་སྟབས་བསྡུས་གྲོན་ཆུང་བྱས་པ་གང་སར་མཐོང་ཐུབ།

    ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་བརྗོད་དོན་གཙོ་བོའི་འབོད་ཚིག“གཅིག་སེམས་གཅིག་ལ་འདྲེས། འབྱུང་འགྱུར་བརྩེ་བས་ཕྱུག”ཅེས་པ་ནས་ཧང་ཀྲོའུ་ཨེ་ཤེ་ཡའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་ཀྱི་བརྗོད་དོན་གཙོ་བོའི་འབོད་ཚིག“སེམས་པ་མཐུན། ཕུགས་འདུན་འགྲུབ”ཅེས་པའི་བར། ཀྲུང་གོའི་མི་དམངས་ཀྱིས་རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་ཨེ་ཤེ་ཡ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་འབོད་སྒྲ་དྲག་པོ་བསྒྲགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།