དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧང་ཀྲོའུ་ཨེ་ཤེ་ཡའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་ཀྱི་དམིགས་བསལ་ལེ་ཚན།

    ཧང་ཀྲོའུ་ཨེ་ཤེ་ཡའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་ཀྱི་མཇུག་འགྲིལ་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-31

    འདི་ནི་མཇུག་འགྲིལ་མཛད་སྒོར་ཨེ་ཤེ་ཡའི་དབང་སྐྱོན་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཚོགས་དར་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་སྒྲེང་བ།

    འདི་ནི་ཀྲུང་གོའི་འཐུས་མི་ཚོགས་པའི་དར་ཆ་འཁྱེར་མཁན་ཅང་ཡུས་ཡན(གཡོན་གྱི་མདུན)མཇུག་འགྲིལ་མཛད་སྒོའི་ཚོགས་རར་འཛུལ་བཞིན་པ།

    འདི་ནི་མི་རྣམས་ཀྱིས་ལག་པ་གཡུག་གཡུག་བྱེད་པ་དང་བསྟུན་ནས་དཔལ་འབར་ཨ་མ་རིམ་བཞིན་ཞི་བ།

    འདི་ནི་མཇུག་འགྲིལ་མཛད་སྒོར་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།

    འདི་ནི་ཚོགས་དར་རྩིས་སྤྲོད་བྱེད་བཞིན་པ།

     ཟླ་10ཚེས་28ཉིན། ཧང་ཀྲོའུ་ཨེ་ཤེ་ཡའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་མཇུག་འགྲིལ་མཛད་སྒོ་ཧང་ཀྲོའུ་ཨོ་ལིམ་ཕིག་ལུས་རྩལ་ལྟེ་གནས་ཀྱི་ལུས་རྩལ་ཐང་དུ་འཚོགས་ཤིང་། འདི་ནི་མཇུག་འགྲིལ་མཛད་སྒོར་འཐུས་མི་ཚོགས་པ་ཁག་གི་དར་ཆ་སྟར་སྒྲིག་ཏུ་ཡོད་པ།

    ཚེས་28ཉིན་གྱི་དགོང་མོར། ཧང་ཀྲོའུ་ཨེ་ཤེ་ཡའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་ཀྱི་མཇུག་འགྲིལ་མཛད་སྒོར། ཨེ་ཤེ་ཡའི་དབང་སྐྱོན་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་མ་ཅི་ཏེ·ལཱ་ཧྲི་ཏེ་ཡིས་ཧང་ཀྲོའུ་ཨེ་ཤེ་ཡའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་སྐབས་བཞི་པ་མཇུག་འགྲིལ་བའི་ཁྱབ་བསྒྲགས་བྱས་པ་རེད།

    དུས་ཡུན་གཟའ་འཁོར་གཅིག་རིང་གི་ཨེ་ཤེ་ཡའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་ལ་གསེར་གྱི་རྟགས་མ་502ཐོན་ཞིང་། ཁྱོན་འཛམ་གླིང་གི་ཟིན་ཐོ་21དང་། ཨེ་ཤེ་ཡའི་ཟིན་ཐོ་72 ཨེ་ཤེ་ཡའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་ཀྱི་ཟིན་ཐོ་283བཏོད་ནས། དབང་སྐྱོན་ལུས་རྩལ་པ་རྣམས་ཀྱི་ངོ་མཚར་ཆེ་བའི་རྩལ་ནུས་ལས“ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་གཉིས་ཀའི་ངོ་མཚར་ཆེ་བའི”བདེན་དོན་ལ་གསོན་ཉམས་དོད་པོས་གསལ་འགྲེལ་བྱས་ཡོད།

    ཧང་ཀྲོའུ་ཨེ་ཤེ་ཡའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་སྐབས་བཞི་པ་རྣམ་གྲངས་ཆ་ཚང་འགྲན་བསྡུར་ཚར་ནས་ཐུགས་གྲ་ལེགས་འགྲིག་ངང་མཇུག་འགྲིལ་བ་རེད། ཨེ་ཤེ་ཡའི་རྒྱལ་ཁབ་དང་ས་ཁུལ་44ཡི་དབང་སྐྱོན་ལུས་རྩལ་པ་རྣམས་ཀྱིས་རྣམ་གྲངས་ཆེན་པོ་22ལ་འགྲན་རྩོད་བྱས་ཡོད། ཀྲུང་གོ་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པ་སྒྲིག་འཛུགས་བྱས་ནས་རྣམ་གྲངས་ཡོངས་ལ་ཞུགས་པ་དང་། མཐར་གསེར་གྱི་རྟགས་མ་214དང་། དངུལ་གྱི་རྟགས་མ་167 ཟངས་ཀྱི་རྟགས་མ་140བཅས་ཁྱོན་གཟེངས་བསྟོད་རྟགས་མ་521ཐོབ་ཡོད་ཅིང་། ལོ་4བསྟུད་མར་ཨེ་ཤེ་ཡའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་དང་གཟེངས་བསྟོད་རྟགས་མའི་བང་རིམ་གཉིས་ཀ་ཨང་དང་པོ་ཡིན་པ་མ་ཟད། ཨེ་ཤེ་ཡའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་ལ་ཞུགས་ཚུན་གྱི་ལོ་རྒྱུས་ཀྱི་གྲུབ་འབྲས་ཡག་ཤོས་བཏོད་པ་རེད།

    ཀྲུང་གོ་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་དྲིལ་བསྒྲགས་རིག་གནས་པུའི་ཀྲུའུ་རེན་གཞོན་པ་ཝང་ཧུང་ཝེ་ཡིས། ཧང་ཀྲོའུ་ཨེ་ཤེ་ཡའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་གྲ་སྒྲིག་བྱས་ནས་གཉེར་བ་དེས་རང་རྒྱལ་གྱི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་ལ་རམ་འདེགས་དང་དབང་པོ་སྐྱོན་ཅན་གྱི་བདེ་ཐང་ཆུ་ཚད་སྔར་བས་མཐོ་རུ་གཏོང་བར་ཕན་པ་ཡོད་ལ། དབང་པོ་སྐྱོན་ཅན་གྱི་འདྲ་མཉམ་དང་། མཉམ་འདྲེས། མཉམ་སྤྱོད་བཅས་ཀྱི་དམིགས་ཚད་དེ་བས་མངོན་འགྱུར་ཡག་པོ་ཡོང་བར་ཡང་སྐུལ་འདེད་ཐེབས་ཏེ། དབང་པོ་སྐྱོན་ཅན་གྱི་ཕྱོགས་ཡོངས་འཕེལ་རྒྱས་ལ་དེ་བས་སྲ་ཞིང་བརྟན་པའི་རྨང་གཞི་འདིང་རྒྱུར་སྐུལ་འདེད་ཐུབ་པའི་ངོས་འཛིན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།