དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཉིང་ཁྲིའི་ཞིང་དུད་དང་ཁེ་ལས་མཉམ་འབྲེལ་བྱས་ནས་མང་ཚོགས་ལ་ཕྱུག་འགྱུར་ལམ་བུ་བཤངས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-31

    ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་སྔོན་ལ་གཏོང་བའི་ལས་དོན་གྱི་དོན་དངོས་ལ་གཞི་ཚུགས་ནས“ཁེ་ལས+ཞིང་དུད”དང་། “ཁེ་ལས+མཉམ་ལས་ཁང+ཞིང་དུད”“ཁེ་ལས+རྟེན་གཞི+ཞིང་དུད”སོགས་ཀྱི་གཉེར་སྐྱོང་བྱེད་སྟངས་ལ་བརྟེན་པ་དང་། མ་རྐང་ལ་ཞུགས་ནས་ཁེ་སྤོགས་བགོ་བ་དང་། མངགས་ཐོ་ཉོ་བ། ངལ་ནུས་ཕྱིར་གཏོང་། ས་ཞིང་ནང་བཤུག་སོགས་ཀྱི་བྱེད་ཐབས་བརྒྱུད། ཞིང་དུད་དང་ཁེ་ལས་ཀྱི་ཁེ་ཕན་མཉམ་འབྲེལ་ལམ་སྲོལ་བྱེད་གནས་གསར་གཏོད་ཀྱིས་ཁེ་ལས་དང་མང་ཚོགས་ཀྱི་ཁེ་ཕན་མཉམ་སྤྱོད་དང་ཉེན་ཁ་མཉམ་འཁུར་གྱི་མཉམ་འབྲེལ་ལམ་སྲོལ་ཆགས་པར་བྱས་ཏེ་ཁེ་ལས་རྩ་བ་ཚུགས་པ་དང་འཕེལ་རྒྱས་ལེགས་པོ་ཡོང་བར་བྱས་པ་མ་ཟད། མང་ཚོགས་ལ་ལས་སྟེགས་ཡོད་པ་དང་ཕྱུག་འགྱུར་ཐུབ་པར་བྱས་ནས་ཞིང་དུད་དང་ཁེ་ལས་ཀྱི་ཁེ་ཕན་མཉམ་འབྲེལ་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་བ་རེད།

    ཉིང་ཁྲི་གྲོང་ཁྱེར་གྱིས་མང་ཚོགས་རང་མོས་དང་འདྲ་མཉམ་གྱི་རྨང་གཞིའི་ཐོག་ཐོན་ཁུངས་བསྡུ་སྒྲིལ་དང་བཀོད་སྒྲིག་ནུས་ལྡན་ལ་ཁྲིད་སྟོན་ཧུར་ཐག་བྱས་ཏེ་ས་ཞིང་གཉེར་སྐྱོང་དབང་ཆ་དང་། རང་ཡོད་སྒྲིག་བཀོད་སྒྲིག་ཆས། དེ་བཞིན་མ་རྐང་ལ་ཕབ་སྟེ་དུད་ཚང་ལ་ཚད་འབེབས་བྱས་པའི་མཉམ་སྡེབ་ཐོན་ཁུངས་ཀྱི་རྒྱུ་ནོར་དང་མ་དངུལ་སོགས་ཁེ་ལས་དང་། མཉམ་ལས་ཁང་། ཁྱིམ་ཚང་ཞིང་ར་སོགས་གཉེར་སྐྱོང་བྱེད་པོའི་མ་རྐང་ལ་ཞུགས་པར་སྐུལ་འདེད་བཏང་ནས་གྲོང་གསེབ་ཀྱི་མཉམ་སྡེབ་ཐོན་དབང་ལམ་ལུགས་སྒྱུར་བཅོས་ཀྱི་གྲུབ་འབྲས་མུ་མཐུད་རྒྱ་ཆེར་བཏང་སྟེ། ཞིང་འབྲོག་མང་ཚོགས་ལ་ཁེ་སྤོགས་བགོས་ནས་འབབ་འཕར་ཡོང་བར་བྱས་པ་རེད། སྔོན་དཔག་བྱས་ན་འདི་ལོ་གྲོང་ཁྱེར་ཡོངས་སུ་ཁེ་སྤོགས་སྒོར་ཁྲི་100བགོ་ཐུབ་རེ་ཡོད་པ་རེད། བྲག་ཡིབ་ཆུས་ཀྱིས“སྒེར་གཉེར་ཁེ་ལས+མཉམ་ལས་ཁང+མང་ཚོགས”ཀྱི་གཉེར་སྐྱོང་བྱེད་སྟངས་སྤྱད་དེ་ཡན་ཐའེ་ཏ་ཧྲན་ཤིང་འབྲས་ལས་རིགས་གསར་སྤེལ་ཚད་ཡོད་ཀུང་སི་ནང་འདྲེན་བྱས་ནས་སྦེ་པ་གྲོང་རྡལ་དུ་ས་མཐོའི་ཀུ་ཤུའི་སྡོང་ཕྲུག་གསོ་སྤེལ་རྟེན་གཞི་བཙུགས་ཡོད། “ང་ཚོ་སྦེ་པ་གྲོང་རྡལ་གྱི་གྲོང་ཚོའི(གྲོང་ལྷན)ཏང་ཀྲི་པུའུ་12ཀྱིས་ཉིང་ཁྲིའི་ས་སྐྱིད་པོ་ཁེ་ལས་ཚད་ཡོད་ཀུང་སི(མཉམ་ལས་ཁང)བཙུགས་ནས་གྲོང་ཚོ་ཁག་གི་ཁོངས་གཏོགས་ཁུལ་གྱི་ཐོན་ཁུངས་སོགས་མ་རྐང་ལ་ཞུགས་ཏེ་ཡན་ཐའེ་ཏ་ཧྲན་ཤིང་འབྲས་ལས་རིགས་གསར་སྤེལ་ཚད་ཡོད་ཀུང་སི་དང་ཁེ་ཕན་མཉམ་འབྲེལ་ལམ་སྲོལ་བཙུགས་པ་རེད། ལས་སྟེགས་ཡག་པོ་འདི་འདྲ་ཞིག་ཡོད་པས་ཐོན་རྫས་བྲིན་ཚོང་གི་ཐབས་ལམ་རྒྱ་ཆེར་ཕྱིན་ནས་ང་ཚོ་མི་སེར་གྱི་འཚོ་བ་ཉིན་རེ་བཞིན་ཡག་ཏུ་འགྲོ་བཞིན་ཡོད”ཅེས་སྦེ་པ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་བསོད་ནམས་བཀྲ་ཤིས་ཀྱིས་བཤད།

    དེ་དང་དུས་མཚུངས། ཉིང་ཁྲི་གྲོང་ཁྱེར་གྱིས“མངགས་ཐོ་རྣམ་པའི”ཞིང་འབྲོག་ལས་ཐོན་སྐྱེད་བྱེད་སྟངས་འཚོལ་ཞིབ་དང་ཁྱབ་གདལ་ཧུར་ཐག་བཏང་ནས་ཁེ་ལས+མཉམ་ལས་ཁང+ཁྱིམ་ཚང་ཞིང་ར་སོགས་ཞིང་ལས་གཉེར་སྐྱོང་བྱེད་པོ་དང་ཐོན་རྫས་བྲིན་འཚོང་གི་དགོས་མཁོ་ཡོད་པའི་མང་ཚོགས་དབར་ཡུན་རིང་ཉོ་ཚོང་གི་གན་རྒྱ་འཇོག་པར་ཁྲིད་སྟོན་བྱས་ཏེ་ཉོ་ཚོང་གི་འབྲེལ་བ་བརྟན་པོ་ཞིག་ཆགས་པར་བྱས་པ་མ་ཟད། “ཁྲོམ་རའི་རིན་གོང་ལས་བསྡུར་ཚད་ངེས་ཅན་མཐོ་རུ་གཏོང་བ”སོགས་ཀྱི་རིན་སྦྱར་ཉོ་སྒྲུབ་བྱས་ནས་ཞིང་འབྲོག་པའི་ཁེ་དབང་འགན་ལེན་བྱས་པ་དང་ཞིང་དུད་ཀྱི་འདེབས་འཛུགས་ཉེན་ཁ་ཆུང་དུ་བཏང་སྟེ་ཞིང་འབྲོག་མང་ཚོགས་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་ཁྲོད་ཞུགས་ནས་འབབ་འཕར་ཡོང་བར་བྱས་པ་རེད། མིག་སྔའི་བར་གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་ལས་ཀྱི་སྣེ་འདྲེན་ཁེ་ལས་11གིས་ཞིང་འབྲོག་མང་ཚོགས་དང་ཞིང་ལས་ཐོན་རྫས་ཉོ་སྒྲུབ་ཀྱི་མངགས་ཐོ་713བཞག་པ་དང་། མངགས་ཐོའི་བསྡོམས་འབོར་སྒོར་དུང་ཕྱུར་1ཡན་ཟིན་པ། ཞིང་འབྲོག་མང་ཚོགས་དུད་ཚང་6264ཡི་མི་ཁྲི་2.76ལ་ཕན་པ་ཐོབ་ཅིང་། རིམ་རྩིས་བྱས་ན་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་སྒོར་དུང་ཕྱུར་1.28བྱུང་ཡོད།

    ཉིང་ཁྲི་གྲོང་ཁྱེར་གྱིས་ད་དུང་བེད་མེད་ཐོན་ཁུངས་གང་འགབ་ཅི་སྤྱོད་ཧུར་ཐག་བྱས་ཏེ་ཁེ་ལས་དང་། མཉམ་ལས་ཁང་། ཁྱིམ་ཚང་ཞིང་ར་སོགས་ཞིང་ལས་གཉེར་སྐྱོང་བྱེད་པོར་ཁྲིད་སྟོན་བྱས་ནས་ཞིང་དུད་དང་གྲོང་ཚོའི་མཉམ་སྡེབ་ལ་དབང་བའི་བེད་མེད་དམ་ཡང་ན་ཕན་འབྲས་ཆུང་བའི་ས་ཞིང་ནང་བཤུག་གམ་ཡང་ན་བོགས་མར་བཏང་ནས་བེད་མེད་དུ་བཞག་པའི་རྒྱུ་ནོར་གང་འགབ་ཅི་སྤྱོད་དང་བེད་སྤྱོད་བྱེད་ཚད་མཐོ་རུ་བཏང་སྟེ་བེད་མེད་ཐོན་ཁུངས་འབབ་འཕར་གྱི་གསོན་ཤུགས་སུ་འགྱུར་བར་སྐུལ་འདེད་བཏང་བས་ཞིང་འབྲོག་མང་ཚོགས་ལ་བོགས་དངུལ་གྱི་ཡོང་འབབ་རག་ཡོད་པ་རེད། “ང་ཚོ་སྟོད་གྲོང་ཚོའི་གྲོང་ཚོའི་མཉམ་སྡེབ་དང་མང་ཚོགས་ཀྱིས་མ་དངུལ་གྲབས་གསོག་བྱས་ནས་རྐོ་འདྲུའི་འཕྲུལ་འཁོར་ཉོས་ཏེ་བོགས་མར་གཏོང་གི་ཡོད། རིམ་རྩིས་བྱས་ན་མཉམ་སྡེབ་འབབ་འཕར་སྒོར་ཁྲི་40བྱུང་ནས་ལོ་རེར་དུད་ཚང་རེར་ཁེ་སྤོགས་སྒོར་5000ནས་8000བར་རག་གི་ཡོད”ཅེས་སྣང་རྫོང་དུང་དཀར་གྲོང་རྡལ་སྟོད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་མིག་དམར་གྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།