དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་ཚིགས་འདིར་ཚོང་གཉེར་ཡོང་འབབ་ཆག་པ་ནས་འཕར་བར་གྱུར་ཏེ་ཁེ་སྤོགས་མགྱོགས་མྱུར་མང་དུ་འགྲོ་བར་སྐུལ་ཁྲིད་ཐུབ་པ།

    དུས་ཚིགས་གསུམ་པར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་7.7%མང་དུ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-10-30

    ཉེ་ཆར། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། དུས་ཚིགས་གསུམ་པར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་7.7%མང་དུ་ཕྱིན་པ་དང་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་དུས་ཚིགས་ལྔ་བསྟུད་མར་དུས་མཚུངས་ལས་ཆག་རྗེས། ཆག་པ་ནས་མང་དུ་ཐོག་མར་ཕྱིན་ཏེ་མགྱོགས་མྱུར་འཕར་བའི་རྣམ་པ་མངོན་ཡོད། འདི་ལོ་ཚུན། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་དུས་ཚིགས་བཞིན་མང་དུ་ཕྱིན་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་དུས་མཚུངས་ལས་9%ཆག་ནས། ཆག་ཚད་ལོ་སྟོད་དང་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གྲངས་7.8དང་12.4སོ་སོར་ཆུང་དུ་ཕྱིན་ཡོད་ལ། ཟླ་9པར་དུས་མཚུངས་ལས་11.9%མང་དུ་ཕྱིན་ནས་ཟླ་གཉིས་བསྟུད་མར་གྲངས་གནས་གཉིས་འཕར་ཡོད།

    ཁེ་ལས་ཀྱི་དུས་ཚིགས་འདིའི་ཚོང་གཉེར་ཡོང་འབབ་ཆག་པ་ནས་འཕར་བར་གྱུར་ཏེ་ཁེ་སྤོགས་མགྱོགས་མྱུར་མང་དུ་འགྲོ་བར་སྐུལ་ཁྲིད་ཐུབ་ཡོད་ཅིང་། ཁྲོམ་རའི་དགོས་མཁོ་རྒྱུན་མཐུད་སླར་གསོ་བྱུང་བ་དང་། བཟོ་ལས་ཐོན་རྫས་ཀྱི་རིན་གོང་རིམ་བཞིན་འཕར་བ་དང་བསྟུན་ནས། བཟོ་ལས་ཁེ་ལས་ཀྱི་ཚོང་གཉེར་ཡོང་འབབ་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཚོང་གཉེར་ཡོང་འབབ་དུས་མཚུངས་དང་གཅིག་མཚུངས་བྱུང་བ་དང་། འཕར་ཚད་ལོ་སྟོད་དང་དུས་ཚིགས་དང་པོ་དང་བསྡུར་ན་བརྒྱ་ཆའི་གྲངས་0.4དང་0.5སོ་སོར་འཕར་ཡོད། དེའི་ནང་དུས་ཚིགས་གསུམ་པར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཚོང་གཉེར་ཡོང་འབབ་དུས་ཚིགས་གཉིས་བསྟུད་མར་ཆག་རྗེས་དུས་མཚུངས་ལས་0.3%འཕར་ནས། དུས་ཚིགས་དེའི་ཁེ་སྤོགས་ཆག་པ་ནས་འཕར་རྒྱུར་སྐུལ་ཁྲིད་ཐུབ་ཡོད། ཟླ་བ་དབྱེ་ནས་བལྟས་ན་ཟླ་9པར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཚོང་གཉེར་ཡོང་འབབ་དུས་མཚུངས་ལས་1.2%འཕར་བ་དང་། ཟླ་གཉིས་བསྟུད་མར་འཕར་ཡོད་ལ། འཕར་ཚད་ཟླ་8པ་ལས་བརྒྱ་ཆའི་གྲངས་0.4ཡིས་མགྱོགས་སུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།